ཆབ་མདོའི“གཙང་གསུམ”ཆུ་གློག་རྣམ་གྲངས་ ལ་སྐུལ་འདེད་བརྟན་པོ་བཏང་བ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་221.42བཏང་བ།

གསར་འགྱུར་སྤེལ་དུས།  【2020-04-10 13:10:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་ཆར། གསར་འགོད་པར་ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ནས་ཤེས་རྟོགས་བྱུང་བར། ཆབ་མདོ་གྲོང་ཁྱེར་གྱི“གཙང་གསུམ”ཆུ་གློག་གསར་སྤེལ་རྣམ་གྲངས་ཁྲོད། ད་ཆ་སྤེལ་བཞིན་པའི་བཤོལ་བ་ལུང་དང་། ཡེར་པ་ཐང་། འབའ་ཐང་། ཐང་ལ་བཅས་གློག་ཁང་ལས་གྲྭར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་། མགོན་མདོ་དང་། སྐྱོར་པ། ཝ་ཐོག་བཅས་གློག་ཁང་རྒྱུན་གཏན་ངང་འཁོར་སྐྱོད་ཐུབ་ནས་གློག་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི“གཙང་གསུམ”ཆུ་གློག་གསར་སྤེལ་རྣམ་གྲངས་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་221.42(འབྲི་ཆུའི་རྒྱུད་ཀྱི་བོད་ལྗོངས་མཚམས་སུ་མ་དངུལ་བཏང་བ)བཏང་བ་དང་། ཟླ་3ཚེས་24ཉིན་བར་དུ། མགོན་མདོ་གློག་ཁང་གིས་རིམ་རྩིས་བརྒྱབ་ན་གློག་འདོན་ཚད་ཏུའུ་དུང་ཕྱུར་21.93ཟིན་པ་དང་། སྐྱོར་པ་གློག་ཁང་གིས་རིམ་རྩིས་བརྒྱབ་ན་གློག་ཏུའུ་དུང་ཕྱུར་3.24བཏང་བ། ཝ་ཐོག་གློག་ཁང་གིས་རིམ་རྩིས་བརྒྱབ་ན་གློག་ཏུའུ་དུང་ཕྱུར་1.19བཏང་བ་རེད།

བཤོལ་བ་ལུང་ཆུ་ཤུགས་གློག་ཁང་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་འབའ་ཐང་རྫོང་མཚམས་སུ་གནས་ཡོད། འཆར་གཞི་ལྟར་ན། 2020ལོར་ཆུ་སྒོ་བརྒྱབ་ནས་ཆུ་གསོག་རྒྱུ་ཡིན་པ་དང་2021ལོར་འཕྲུལ་ཚན་དང་པོས་གློག་གཏོང་རྒྱུ་ཡིན་པ་རེད། མིག་སྔར་ས་ངོས་བཟོ་ཁང་220m3བརྒྱབ་ནས་འཆར་འགོད་བསྡོམས་འབོར་གྱི་71.3%ལེགས་སྒྲུབ་བྱས་པ་དང་།

ཆུ་ལོག་རྒྱུག་ལམ་དང་། བཤང་ཤུར་དུམ་བུ། ཤུགས་སེལ་རྫིང་བུ་བཅས་རིམ་རྩིས་བརྒྱབ་ན་ཝན་ཧྥང་220.19བཟོས་ནས་འཆར་འགོད་བསྡོམས་འབོར་ཝན་ཧྥང་250ཡི་88.1%ལེགས་སྒྲུབ་བྱས་ཡོད་པ་རེད།

གཞན་ཡང་། འབའ་ཐང་ཆུ་ཤུགས་གློག་ཁང་དང་ཐང་ལ་ཆུ་ཤུགས་གློག་ཁང་གི་གཙོ་གནད་དུམ་བུ་མུ་མཐུད་ཨར་པོ་རྒྱག་བཞིན་ཡོད་པ་དང་། འབའ་ཐང་ཆུ་ཤུགས་གློག་ཁང་གི་གྲབས་འཛུགས་དུས་ཡུན་གྱི་བགྲོད་ལམ་ལས་གྲྭ་85%ལེགས་གྲུབ་ཐུབ་ནས་གཙང་སྟོད་ཀྱི་ཆུ་རགས་རྨང་གཞིའི་ཨར་ལས་ལ་དམ་འཛིན་བྱས་ནས་སྒྲུབ་ཀྱི་ཡོད་པ་དང་། འབའ་ཐང་ཆུ་ཤུགས་གློག་ཁང་གི་བཞུར་འདྲེན་ཕུག་ལམ་70%དང་རགས་དཔུང་60%ལེགས་གྲུབ་ཐུབ་ཡོད་པ་རེད།

སླད་ཕྱིན། ཆབ་མདོ་གྲོང་ཁྱེར་གྱིས་འཛུགས་སྐྲུན་འཆར་གཞི་བཀོད་སྒྲིག་དང་རྣམ་གྲངས་ཀྱི་མཚམས་ཚིག་གལ་ཆེན་ལྡོག་སྒྲིག་འཕེལ་རིམ་ལ་དམིགས་ནས། “2020ལོར་ཆུ་གློག་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར་30ཡན་བཏང་སྟེ། གློག་ཤོང་ཚད་ཆན་ཝ་ཁྲི་100ཡན་གྱི་འཕྲུལ་ཚན་གསར་དུ་སྒྲིག་སྦྱོར་བྱ་རྒྱུའི”དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།