སྟེང་ཆེན་རྫོང་གྭ་ངད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།“གྲོང་ལྷན་གཉིས”ཀྱི་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱས་པ།

གསར་འགྱུར་སྤེལ་དུས།  【2020-04-10 10:30:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ།ཆབ་མདོ་གྲོང་ཁྱེར་གྱིས“བརྒྱུད་རོགས་ཁྲིད”གསུམ་གྱི་ལས་དོན་སྤེལ་ཚུན། སྟེང་ཆེན་རྫོང་གྭ་ངད་ཤང་གྭ་ངད་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་། ལམ་ལུགས་དོན་འཁྱོལ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་ཀའི་འཇོན་ཐང་ཆེ་བ། མང་ཚོགས་ཀྱི་དགའ་བསུ་ཐོབ་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཧུར་ཐག་བཏོད་ཡོད་པ་རེད།

སློབ་སྦྱོང་སློབ་གསོར་དམ་འཛིན་བྱས་ཏེ་འཇོན་ཐང་དང་བྱང་ཚད་མཐོ་རུ་བཏང་བ། གྭ་ངད་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཞིང་འབྲོག་པའི་ཏང་ཡོན་ཚོས་ཅའོ་ཡུས་ལུའུ་སོགས་སྔོན་ཐོན་དཔེ་མཚོན་ཚད་ཤིང་དུ་བྱས་ཏེ། མང་ཚོགས་བློ་ལ་བཅངས་པ་དང་འགན་འཁུར་དངོས་སྒྲུབ་ཀྱི་ཁོང་གི་སྤྱོད་ཚུལ་དང་འགན་འཁྲི་གཙང་སྒྲུབ་ཀྱི་ལས་བཀུར་སྙིང་སྟོབས་ལ་སློབ་སྦྱོང་བྱས་པ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི“སྐད་གཉིས”སྐད་འཕྲིན་གྱི་ཏང་གི་སློབ་ཚན་གཅིག་སྡུད་ཐོག་ཉན་པར་བརྟེན། ཞིང་འབྲོག་པ་ཏང་ཡོན་ཚོས་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན་གྱི་སྤྲོ་སེམས་འཕེལ་ཐུབ་པ་བྱུང་ཡོད། དུས་བཀག་ལྟར་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྒྲིག་འཛུགས་བྱས་ནས། ཉམས་མྱོང་བཟང་པོ་སྤེལ་རེས་བྱས་པ་དང་། ལས་ཀའི་ཁྲོད་དང་སློབ་སྦྱོང་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་མཉམ་སྤྱོད་བྱས་ཡོད།

ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ། གྭ་ངད་གྲོང་ཚོར་རྩ་འཛུགས་ཀྱི་འཚོ་བའི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ། གྲོང་ཚོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གྲོན་དངུལ་བེད་སྤྱོད་བྱེད་སྟངས་བཅས་ལ་རོགས་རམ་དང་། དེ་བཞིན་དོན་ཆེན་གཞན་དང་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་འབྲེལ་ཡོད་དོན་ཆེན་ཐད། འབྲེལ་ཡོད་ལམ་ལུགས་དང་གོ་རིམ་ལག་བསྟར་ནན་པོ་བྱས་ཡོད། མིག་སྔའི་བར།

མང་ཚོགས་ལ་ཞབས་འདེགས་ཞུས་ནས་ཞབས་ཞུ་རྣམ་པའི་རྩ་འཛུགས་བསྐྲུན་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་དཀའ་ངལ་སེལ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། མང་ཚོགས་ཀྱི་བསམ་འཆར་མང་བའི་དཀའ་གནད་དང་གླེང་མང་བའི་གནད་དོན་ཐག་གཅོད་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་བསམ་བློ་ཧུར་ཐག་སྒྱུར་རྒྱུར་སློབ་གསོ་བཏང་བ། ཏང་ཡོན་གྱི་ཞབས་ཞུའི་འདུ་ཤེས་ཟམ་མི་ཆད་པར་མཐོ་རུ་བཏང་བ། ཞིང་འབྲོག་པའི་ཏང་ཡོན་གྱི་ཐོབ་ཐང་དང་གྲོང་ཚོའི་ལས་བྱེད་པའི་འགན་འཁྲི་མངོན་པ་བཅས་བྱས་ཏེ། མང་ཚོཌ་ཚོས་མིག་མཐོང་ལག་ཟིན་གྱི་དངོས་ཕན་ཁྲོད་ནས་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་མཐོང་ཡོད།