“དཔེ་ཀློག་གི་དྲི་ཞིམ་འཐུལ་བའི་ཆབ་མདོ”ཞེས་པའི་ཀློག་པ་པོའི་དུས་ཆེན་སྐབས་བཞི་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020-04-24 16:05:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་21ཉིན་གྱི་ཕྱི་དྲོ“དཔེ་ཀློག་གི་དྲི་ཞིམ་འཐུལ་བའི་ཆབ་མདོ”ཞེས་པའི་ཀློག་པ་པོའི་དུས་ཆེན་སྐབས་བཞི་པ་འགོ་ཚུགས་མཛད་སྒོ་དེ་ཁ་རུབ་ཆུས་རི་ཐུང་ཤང་སློབ་ཆུང་དུ་སྤེལ།

ད་རེས་ཀྱི་བྱེད་སྒོ་ནི་དུས་ཡུན་ཟླ་བ་གཅིག་ཡིན་པ་དང་། “དམངས་ཡོངས་ཀྱིས་དཔེ་ཀློག་བྱས་ནས་ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།