ངེད་གྲོང་ཁྱེར་གྱིས་“ལྔ་གཅིག”གུང་གསེང་སྐབས་སུ་ཡུལ་སྐོར་ལས་རིགས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ།

ཁྱོན་ཡུལ་སྐོར་བ28163བསུས་པ་དང་ཡོང་འབབ་སྒོར་ཁྲི1154.68ལྷག་ཟིན་པ།

གསར་འགྱུར་སྤེལ་དུས།  【2020-05-08 16:05:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་ལམ། གྲོང་ཁྱེར་ཡུལ་སྐོར་དང་འཕེལ་རྒྱས་ཅུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ5ཚེས1ཉིན་ནས་ཚེས5ཉིན་དབར་ངེད་གྲོང་ཁྱེར་གྱིས་ཁྱོན་ཡུལ་སྐོར་བ28163བསུས་པ་དང་ཡོང་འབབ་སྒོར་ཁྲི1154.68ལྷག་ཟིན་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བས་ཟ་ལས་གཏོང་བར་དགའ་པོ་ཆེན་པོ་བྱེད་ཀྱིན་ཡོད། པར་འདི་ནི་ཡུལ་སྐོར་བས་ཟ་ལས་རོལ་བཞིན་པ།