ཁྱེད་ཀྱི་གཟུགས་པོར་འཚོ་བཅུད་གང་ཞིག་འདང་གི་མེད་དམ།

གསར་འགྱུར་སྤེལ་དུས།  【2020-05-08 10:15:00】

འཚོ་བཅུད་ནི་གཟུགས་གཞི་བདེ་ཐང་ལ་མེད་དུ་མི་རུང་བའི་རྫས་འགྱུར་དངོས་པོ་ཕྲན་ཚེགས་ཤིག་རེད། མ་གཞི་ང་ཚོའི་གཟུགས་པོར་འཚོ་བཅུད་དེ་དག་མཁོ་ཚད་ཉུང་རུང་། འཚོ་བཅུད་དེ་དག་མིའི་གཟུགས་པོ་རང་ངོས་ནས་ཐོན་དཀའ་བའམ་ཡང་ན་ཐོན་པའི་འཚོ་བཅུད་ཀྱིས་མིའི་གཟུགས་པོའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། གལ་ཏེ་ང་ཚོའི་བཟའ་བཏུང་འཚམ་པོ་མ་བྱུང་ཚེ། གཟུགས་པོར་འཚོ་བཅུད་ག་གེ་མོ་མི་འདང་བའི་ནད་རྟགས་ཐོན་གྱི་ཡོད།

གཤམ་དུ་ཁྱེད་ལ་འཚོ་བཅུད་གང་ཞིག་འདང་མེད་པ་གཟིགས་དང་།

གཤམ་གྱི་སྣང་ཚུལ་25གཞིར་བཟུང་། ཁྱེད་ཀྱི་དོན་དངོས་གནས་ཚུལ་ལ་སྐར་མ་ཞིག་བསྐྱོན་དང་། དེ་ནས་རང་ཉིད་ཀྱི་གཟུགས་གཞིའི་གནས་ཚུལ་དང་རྦད་དེ་འཚམ་ན་སྐར་མ་2རྒྱག་པ་དང་། རང་ཉིད་ཀྱི་གཟུགས་གཞིའི་གནས་ཚུལ་དང་ཆ་ཤས་འཚམས་ན་སྐར་མ་1རྒྱག་པ། རང་ཉིད་ཀྱི་གཟུགས་གཞིའི་གནས་ཚུལ་དང་རྦད་དེ་འགལ་ན་སྐར་མ་0རྒྱག་པ་བཅས་བྱེད་རོགས།

1.དོན་མེད་དུ་རླུང་ལངས་པ་དང་སེམས་འཚབ་ཅིང་སུན་སྣང་སྐྱེ་བ།2.སྐབས་འགར་མིག་ལ་ངལ་དུབ་བྱུང་ནས་སྐམ་པོ་ཆགས་པ་དང་མིད་པ་མི་བདེ་བ།3.ཐང་ཆད་སླ་བ་དང་ཕྱི་དྲོ་ངལ་དུབ་ཀྱི་ཚོར་སྣང་སྐྱེ་བ།4.རྒྱུན་དུ་ཞག་ཚིལ་ཆེ་བའི་ཟས་རིགས་དང་སྣུམ་སྐྲག་བཟའ་བཅའ་བཟའ་རྒྱུར་དགའ་བ།5.ཁྲག་མི་འདང་བའི་ནད་རྟགས་ཡོད་པ་དང་ཙོག་པུར་བསྡད་ནས་ཡར་ལངས་སྐབས་མགོ་ཡུར་འཁོར་བ།6.རྒྱུན་དུ་བཙོག་པ་འགག་པའམ་ཡང་ན་གྲོད་ཁོག་བཤལ་བ།7.ངལ་དུབ་ཆེ་རུང་གཉིད་མི་ཁུག་པ།8.རྒྱུན་དུ་ཕྱི་ལོག་ནས་ཟ་མ་བཟའ་བའམ་ཟ་མ་མངགས་ཉོ་བྱེད་པ།9.སྔོ་ཚལ་བཟའ་རྒྱུར་མི་དགའ་བ།10.གདོང་གི་པགས་པ་ཡག་པོ་མེད་པའམ་རྒྱུན་དུ་ཐོར་པ་ཐོན་པ་དང་པགས་འབྲུམ་མམ་ཀློག་ཤུ་ལངས་པ།11.ཤིང་འབྲས་ཀྱི་ཁུ་བ་དང་ཁོལ་ཁོལ་ཁུ་ནག་སོགས་འཐུང་བྱ་མངར་མོ་མང་པོ་འཐུང་བ།12.སྐབས་འགར་མགོ་ན་བ་དང་དཔུང་པ་ན་བ།13.མཁའ་རླུང་འཁོར་རྒྱུག་ཡག་པོ་མེད་པའི་གཞུང་ལས་ཁང་དུ་དུས་ཡུན་རིང་པོ་སྡོད་པ་དང་། ཕྱིར་མི་སྐྱོད་པ་དང་མཁའ་རླུང་སོས་པ་རྔུབ་གཏོང་མི་བྱེད་པ།14.རྒྱུན་དུ་ཞོགས་ཟས་མི་བཟའ་བ།15.རང་ཉིད་ཀྱི་དགའ་བའི་ཟས་མ་གཏོགས་ཟས་རིགས་གཞན་མི་བཟའ་བ།16.རྒྱུན་དུ་མངར་ཟས་མང་པོ་བཟའ་བ།17.རྒྱུན་དུ་ཆམ་པ་རྒྱག་པ་དང་ནད་འགོག་ནུས་པ་ཞན་པ།18.རྒྱུན་དུ་དགོང་ཟས་སམ་དགུང་ཟས་རྗེས་སུ་ཨ་རག་པེ་ཙི་གང་དོ་འཐུང་བ།19.རྒྱུན་དུ་འཁྱགས་ཟས་བཟའ་བ་དང་ཁ་ཏོག་གིས་ཁ་ལག་གི་ཚབ་བྱེད་པ།20.རྒྱུན་དུ་ཐ་མག་འཐེན་པ།21.མཚན་མོ་རླངས་འཁོར་དུ་སྡོད་པའམ་རླངས་འཁོར་གཏོང་སྐབས་མིག་ཤེད་ཡག་པོ་མེད་པ།22.རྒྱུན་དུ་འགུལ་སྐྱོད་ཉུང་བའམ་ཡང་ན་འཆམ་འཆམ་བྱེད་ཉུང་བ།23.རྒྱུན་དུ་སོ་རྙིལ་ནས་ཁྲག་ཐོན་པ།

24.ལུས་སེམས་ལ་གནོན་ཤུགས་ལྕི་བའི་ཚོར་སྣང་ཡོང་བ།25.རྐང་ལག་ལ་ཤུགས་མེད་པ་དང་གཟུགས་པོ་ནས་རྔུལ་ཆུ་དོན་སླ་བ།

རིགས་གཅིག་མཁས་ཅན་གྱི་དྲན་སྐུལ།

སྐར་མ་0-15བར་ཐོབ་ན། ཁྱེད་ཀྱི་གཟུགས་གཞི་བདེ་ཐང་ཡིན་པ་དང་། བཟའ་བཏུང་གི་འཚོ་བཅུད་དོ་སྙོམས་པ། འཚོ་བའི་གོམས་གཤིས་བཟང་བ་བཅས་ཡོད་པ། གཟུགས་པོ་སྙོམས་སྒྲིག་དང་ནད་འགོག་ནུས་པ་ཡག་པོ་ཡོད་པས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།

གྲོས་འགོ། གཏེར་རྒྱུ་དང་འཚོ་བཅུད་C་ཁ་གསབ་འོས་འཚམ་བྱེད་ཆོག

སྐར་མ་16-25ཐོབ་ན་ཁྱེད་ཀྱི་གཟུགས་པོ་ཡག་ཙམ་ཡོད་པར་བརྩི་ཆོག འོན་ཀྱང་རྒྱུན་དུ་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་ལ་སྣང་ཆུང་བྱེད་མི་རུང་།

མ་གཞི་ཁྱེད་ཀྱི་གཟུགས་པོ་ཕྱི་ཚུལ་ནས་བལྟས་ན་བདེ་ཐང་ཡིན་པའི་སྣང་བ་འཆར་རུང་། ཆམ་པ་རྒྱག་པ་དང་མགོ་ན་བ་སོགས་ཀྱི་ནད་གཞི་ཕོག་ཀྱི་ཡོད། རབ་བྱུང་ན་རྒྱུན་གཏན་འཚོ་བའི་ཁྲོད་འཚོ་བཅུད་གང་ཞིག་འདང་མིན་དང་ལུས་སྦྱོང་སོགས་འཚོ་བའི་གོམས་གཤིས་ལ་ཧོལ་རྒྱུག་ཤོར་མིན་ལ་ཞིབ་བཤེར་ཞིབ་ཕྲ་བྱེད་དགོས། ཐ་མག་འཐེན་རྒྱུ་དང་ཨ་རག་བཏུང་བ་སོགས་ཀྱི་གོམས་གཤིས་ངན་པ་དོར་ནས་རང་ཉིད་ཀྱི་གཟུགས་གཞི་བདེ་ཐང་ཡོང་བ་བྱེད་དགོས།

གྲོས་འགོ། ཐ་མག་འཐེན་མཁན་གྱིས་འཚོ་བཅུད་Cམང་ཙམ་གསབ་དགོས། རབ་བྱུང་ན་ཐ་མག་དང་ཨ་རག་སྤོངས་དགོས། རྒྱུན་དུ་བརྙན་འཕྲིན་མང་པོ་ལྟ་མཁན་ཚོས་འཚོ་བཅུད་Aགསབ་དགོས།

སྐར་མ་26-50ཐོབ་ན། གཟུགས་པོ་ཐང་པོ་མེད་པའི་རྟགས་མཚན་ཡིན། ཁྱེད་རང་གཞོན་ནུའི་སྐབས་སུ་གཟུགས་པོ་ཐང་པོ་ཡོད་སྙམ་ནས་བཟའ་བཏུང་དང་འཚོ་བའི་གོམས་གཤིས་ངན་པ་མ་དོར་ཚེ་ཕྱིས་སུ་གཟུགས་པོར་ནད་གཞི་ཕོག་རྒྱུ་སྨོས་མེད་རེད། ལོ་ན་རྒས་པ་དང་བསྟུན་ནས་འཚོ་བཅུད་མི་འདང་བའི་དབང་གིས་ནད་རྟགས་མང་པོ་ཐོན་སྲིད།

གྲོས་འགོ། རང་ཉིད་ཀྱི་གཟུགས་པོར་གཅེས་སྤྲས་ཡག་པོ་བྱས་ཏེ། ད་ནས་བཟུང་བཟའ་བཏུང་གི་གོམས་གཤིས་ཡག་པོ་འཇགས་པ་བྱེད་པ་དང་། བདེ་སྲུང་ལུས་སྦྱོང་སོགས་མང་ཙམ་རྩེ་དགོས་པ་མ་ཟད། རྒྱུན་དུ་རང་ཉིད་ཀྱི་གཟུགས་གཞིའི་གནས་ཚུལ་ལ་གཞིགས་ནས་སྨན་པའི་གྲོས་འགོ་བཞིན་འཚོ་བཅུད་གསབ་དགོས།