ཆབ་མདོ་གྲོང་ཁྱེར་ཟླ་བའི་འོད་སྣང་བདེ་ཐང་རུ་ཁག་གིས་སྐྱ་འགྲིབ་གཤགས་བཅོས་ཐེངས་བརྒྱ་ལེགས་སྒྲུབ་བྱས་པ།

གསར་འགྱུར་སྤེལ་དུས།  【2020-05-12 18:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ཆབ་མདོ་གྲོང་ཁྱེར་ཟླ་བའི་འོད་སྣང་རུ་ཁག་གིས་ཆད་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། གོ་འཇོ་དང་སྨར་ཁམས་རྫོང་ལ་བསྐྱོད་དེ་སྐྱ་འགྲིབ་གཤགས་བཅོས་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་ཟླ་བའི་འོད་སྣང་བདེ་ཐང་རུ་ཁག་གིས་དཀའ་ངལ་ཁྱད་བསད་ཀྱིས་ཆ་རྐྱེན་བཏོད་དེ“བདེ་ཐང་ཆབ་མདོའི་བྱ་སྤྱོད”ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་། ཟླ་4པའི་ཟླ་དཀྱིལ་དུ་གོ་འཇོ་དང་སྨར་ཁམས་རྫོང་གི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སྨན་ཁང་གི་གཞོགས་འདེགས་འོག་སྐྱ་འགྲིབ་གཤགས་བཅོས་བདེ་བླག་ངང་བྱས་ཏེ་ཁྱོན་བསྡོམས་མིག་ནད་སྒོ་བསྟེན་སྨན་ཁང་གི་ནད་པ་710ལ་སྨན་བཅོས་བྱས་ནས་སྐྱ་འགྲིབ་གཤགས་བཅོས་ཐེངས་100ལེགས་སྒྲུབ་བྱས་པ་དང་འབྲེལ། གཤགས་བཅོས་ཀྱི་ཆེ་རྐྱེན་མ་འཛོམས་པའི་ནད་པར་སྨན་ཡང་སྤྲད་པ་རེད།