དཔལ་འབར་གྱིས་དཔྱིད་དུས་ཀྱི་ཁ་ཚ་རྨིག་ཚའི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020-05-12 18:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་དུས་ཀྱི་ཁ་ཚ་རྨིག་ཚའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཏན་ཏིག་སྒྲུབ་ཆེད། ཉེ་ཆར། དཔལ་འབར་རྫོང་འབྲོག་ལས་ས་ཚིཌ་ཀྱིས་དཔྱིད་དུས་ཀྱི་རིམས་འགོག་སྨན་ཁབ་འབྱོར་རྗེས། འཕྲལ་དུ་ཤང(གྲོང་རྡལ)ཁག་ལ་སྤྲད་དེ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་འབར་རྫོང་འབྲོག་ལས་ས་ཚིགས་ཀྱིས་ལས་དོན་དོན་འཁྱོལ་ཏན་ཏིག་ཡོང་བའི་འགན་ལེན་བྱ་ཆེད། རིམས་འགོག་སྨན་ཁབ་སྣ་ཚོགས་སྤྲད་པ་ཕུད། ད་དུང་སྲིད་འཛིན་གྲོང་ཚོ་ཁག་ལ་ཆུ་ལྷམ་དང་། ཆར་གོས། གཤགས་གྲི འདྲེན་སྦུག་ཁབ། བསྟུད་མའི་རང་བཞིན་གྱི་སྨན་ཁབ་སོགས་ཡོ་བྱད་སྤྲད་པ་རེད། སྨན་ཁབ་རྒྱག་རིང་། ཕྱུགས་རིགས་ས་ཚིགས་ཀྱི་ལས་དོན་མི་སྣས་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་འབྲེལ། ཤང(གྲོང་རྡལ)ཁག་གི་སྲོག་ཆགས་རིམས་འགོག་སྨན་པ་དང་གྲོང་ཚོའི་སྲོག་ཆགས་རིམས་འགོག་སྨན་པར་འབྲེལ་ཡོད་ལས་ཀའི་ལམ་སྲོལ་གཞིར་བཟུང་། འགན་འཁྲི་ཏན་ཏིག་འཁུར་བ་དང་། རིམས་འགོག་གི་སྟོང་ཆ་གསབ་པ། ཁུག་ཆ་མི་ལུས་པ་བཅས་བྱས་ནས་རིམས་འགོག་སྨན་ཁབ་རྒྱག་ཚད་100%ཟིན་པ་བྱེད་དགོས་པའི་བླང་བྱ་ནན་པོ་བཏོན་པ་རེད།