གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་ མིག་ལྟ་བའི”ཚུར་ལེན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020-05-15 10:20:00】

       འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། (གསར་འགོད་པ་ཁྲེན་ནཱ) ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་གྲོང་ཨུད་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། ཚེས12ཉིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལེན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཧྲེ་ཀྲང་ཁྲེན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་ཞུས་པ་མ་ཟད་ཕྱོགས་བསྡོམས་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་ཁྲེན་ཅུན་གྱིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་དང་སྣེ་ཁྲིད་དེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་བ་དང་། ཏང་ཙུའི་ཁོངས་མི་ཝེ་ཏུང་དང་། ཡང་ཧའོ། མའེ་ཧྥང་ཆོན། ལིག་ཝུན་ཏུ། སྒྲོལ་དཀར། ཝེ་ཆང་། དབང་འདུས། ཧུའུ་ཏན་ཧྥུའུ། ཀྲའོ་མིན། ཅཱ་ཤིན་ཡུས་བཅས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་སྤེལ་བ་རེད།

ཁྲེན་ཅུན་གྱིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་བྱེད་པའི་ལས་འགན་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཡོད། ཚང་མས་ངེས་པར་དུ་ཐེངས་འདིའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ་དང་ཚན་པའི་ཁོངས་མིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། གནད་དོན་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་སྤུས་ཚད་ཡག་པོ་ཡོང་བའི་འགན་ལེན་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།