ཞིང་བྲེལ་དུས་སུ་སོ་ནམ་ལས་ལ་བྲེལ།

གསར་འགྱུར་སྤེལ་དུས།  【2020-05-22 18:20:07】


      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེན་ཤས་བསྟུད་མར། ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི་ཉེ་འགྲམ་དུ་ཏང་ཡོན་60ཡིས་གྲོང་མི་200ལྷག་ཙམ་སྣེ་ཁྲིད་དེ་ནས་དང་ཞོག་ཁོག་འདེབས་ཀྱིན་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་དཔག་བྱས་ན་མུའུ་རེར་ནས་རྒྱ་མ་600ཙམ་དང་ཞོག་ཁོག་རྒྱ་མ་300ལྷག་ཙམ་ཐོན་ཐུབ་པ་དང་ཁྲོམ་རའི་ཆ་སྙོམས་རིན་གོང་ལྟར་རྒྱ་མ་རེར་སྒོར་2.5ནས་སྒོར་3བརྩིས་ཚེ་གྲོང་མིར་འབབ་འཕར་སྒོར་ཁྲི་90ཙམ་ཡོང་རྒྱུ་ཡིན་ཞིང་། འདི་ནི་ཞིང་ཁ་དང་མུ་ཁར་ལས་བྲེལ་གྱི་རྣམ་པས་ཁེངས་བཞིན་པ།