ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཁྲག་སྦྱིན་བཏང་བ།

གསར་འགྱུར་སྤེལ་དུས།  【2020-05-22 18:33:53】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་དུས། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྡེ་ཚོགས་ཨུ་ལྷན་གྱིས་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ། གྲོང་ཁྱེར་ལྟེ་བའི་ཁྲག་མཛོད་ས་ཚུགས་བཅས་དང་འབྲེལ་བ་ཧུར་ཐག་བྱས་ཏེ་ཁ་རུབ་ཆུས་ཀྱི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་རང་འགུལ་ངང་རིན་པ་མི་དགོས་པར་ཁྲག་སྦྱིན་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་ཁྲག་སྦྱིན་གཏོང་བའི་བྱེད་སྒོར་ཁྲག་སྦྱིན་གཏོང་མཁན་གྱི་ཚད་གཞི་ལོན་པའི་མི་གྲངས་37ཡོད་པ་དེ་དག་གིས་ཁྲག་ཧའོ་ཧྲེང་9800སྦྱིན་པ་བཏང་ཡོད། རིན་པ་མི་དགོས་པར་ཁྲག་སྦྱིན་གཏོང་མཁན་ལས་བྱེད་པ་དང་མང་ཚོགས་ཚོས་རིན་པ་མི་དགོས་པར་ཁྲག་སྦྱིན་བཏང་ནས་དགོས་མཁོ་ཆེ་བའི་ནད་པ་སྐྱོབ་བཅོས་ལ་སྤྱོད་རྒྱུ་མ་ཟད། སྤྱི་ཚོགས་ལ་གཅེས་སེམས་མཚོན་པའི་ལེགས་སྐྱེས་ཕུལ་བར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་ཅེས་བརྗོད་པ་རེད།