གྲོང་ཨུད་ཀྱི་རིགས་གཞུང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་(རྒྱ་ཆེ)ཚོགས་འདུ་དང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020-05-22 10:40:00】

     འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་19ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་རིགས་གཞུང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་(རྒྱ་ཆེ་)ཚོགས་འདུ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི་སྲིད་ཁྲིམས་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་དབན་ཅིན་ཕུང་གདན་ཞུ་གནང་སྟེ་འགོ་བརྗོད་དུ《ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་། སྲོག་ཤིང་ལ་དགའ་ཞེན།___ ཏང་གི་འགོ་ཁྲིད་ནི་བོད་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དབུལ་སྒྲོལ་གྱི་རྩ་བའི་འགན་ལེན་ཡིན་》ཞེས་འཁོད་པའི་ཆེད་དོན་སྙན་ཞུ་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལའོ་ཁྲོན་ཅིན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུའུ་ཀ་དང་འཕྲིན་ལས་ཀྱིས་སྙན་ཞུ་གསན་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག དགེ་རྒན་ཆེ་མོ་བ་དབན་ཅིན་ཕུང་གིས《འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། ཕུན་སུམ་ཚོགས་པའི་ནང་དོན། བསམ་བློའི་ངོ་བོ》དང་།《རང་རྒྱལ་གྱི་དབུལ་སྒྲོལ་འཕེལ་རིམ་དང་བོད་ཀྱི་དབུལ་སྐྱོར་ལས་དོན》《བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་》སོགས་སློབ་ཚན་གསུམ་ཁྲིད་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་ནས་ཐག་གཅོད་དམག་འཐབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་དམ་པོར་དམིགས་ནས་སྒྲོག་འགྲེལ་བྱེད་པ་དང་འབྲེལ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་རྒྱས་བཤད་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་མཇུག་འགྲིལ་རྗེས། དགེ་རྒན་ཆེ་མོ་བ་དབན་ཅིན་ཕུང་དང་བཅས་པས་བྲག་གཡབ་རྫོང་དང་། སྨར་ཁམས་རྫོང་། གོ་འཇོ་རྫོང་བཅས་སུ་དཔེ་སྟོན་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།