གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020-05-22 10:45:00】

        འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་17ཉིན་གྱི་ཕྱི་དྲོ་ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་། ཧྲི་ཀྲང་གཞོན་པ་ཧུའུ་ཏེང་ཕུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་གསོ་སྦྱོང་ནང་ཞུགས་མཁན་སློབ་མའི་འཐུས་མིས་གཏམ་བཤད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་གྱི་ལས་རིགས་དང་། སློབ་གསོའི་ཅུད་ཀྱི་ཐད་གཏོགས་སློབ་གྲྭ་ཁག་རྫོང(ཆུས)ཁག་གི་སློབ་གསོའི་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་མི་སྣ་101གིས་སློབ་ཁང་གི་ཆེད་དོན་ཟུར་ཁྲིད་དང་ས་གནས་ཀྱི་ལྟ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་སྲིད་འཛིན་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་དང་དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སོགས་ཀྱི་སློབ་ཚན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུར་དམིགས་ནས་དུས་ཡུན་ཉིན་དྲུག་གི་སློབ་སྦྱོང་བྱེད་པ་རེད།