“ལྔ་སྐྱེལ་”བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020-05-22 10:50:00】


    ཚེས་20ཉིན་གྱི་སྔ་དྲོར། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་ཁ་རུབ་ཆུས་སྤྱི་ཁྱབ་བཟོ་ཚོགས་གཉིས་ཀྱིས་རུ་བཞི་ཤང་ལ་2020ལོའི་“ལྔ་སྐྱེལ་“བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དངོས་སུ། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཀའ་ངལ་ཡོད་པའི་ཞིང་འབྲོག་པའི་ལས་མི་30འཚམས་འདྲི་སྤེལ་བ་མ་ཟད་ད་དུང་མི་རེར་དངུལ་སྒོར་1000སྤྲད་དེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། ལས་རིགས་ཀྱི་ནད་འགོག་བཅོས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་འབྲེལ་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆའང་སྤྲད་ཡོད། གྲོང་ཁྱེར་བོད་སྨན་རྩིས་ཁང་གི་སྨན་དོན་མི་སྣས་རྒྱ་ཆེའི་མང་ཚོགས་ལ་སྨན་རིན་མི་དགོས་པར་ནད་ལྟ་ཡོད་པ་མ་ཟད་རྒྱུན་སྤྱོད་སྨན་ཡང་སྤྲོད་ཡོད་པ་རེད། གཞན་ཡང་། ཁ་རུབ་ཆུས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་སྤེལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་5པའི་ཚེས་11ཉིན་རང་གྲོང་ཁྱེར་དུ་སྐྲུན་བཞིན་པའི་གཙོ་གནད་ལས་གྲྭ་དང་ཞིང་འབྲོག་མང་ཚོགས་གཅིག་སྡུད་ས་ཁོངས། དཀའ་ངལ་ཡོད་པའི་ཁེ་ལས་སོགས་ལ་དྲོ་སྐྱིད་སྦྱིན་པ་དང་། རིག་གནས་སྐྱེལ་བ། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགྲོ་ལུགས་བཤད་པ། སྨན་བཅོས་དང་སྨན་སྤྲད་པའི་བྱེད་སྒོ་སྤེལ་ཡོད།