དཔྱིད་དཔལ་སྒེག་མོའི་འཛུམ་ཞལ་གྲོལ་དང་ལྷན། རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་བཞད།

གསར་འགྱུར་སྤེལ་དུས།  【2020-05-22 10:55:00】







དཔྱིད་དཔལ་བུ་མོའི་འཛུམ་མདངས་དེ།།     ས་གཞིའི་གཞུང་ལ་ཤར་བའི་ཚེ།།

ཁུ་བྱུག་གསུངས་སྐད་ལྷང་ལྷང་གིས།།     དགའ་སྤྲོའི་དཔག་ཚད་ངང་གིས་སྟེར།།

དྭངས་གཙང་ཆུ་ཕྲན་ཤག་ཤག་གིས།།     མཚར་སྡུག་མེ་ཏོག་ལྷུག་ལྷུག་དགོད།།

ཚང་ཚང་གཡུ་ལོ་འཁྲིགས་པའི་ཀློང་།།      ཁྭ་བྱུག་བུ་མོའི་དགོད་སྒྲ་འཕུར།།

གཡུ་མདོ་སྔོ་བསང་བང་རིམ་ནས།།     ཚོན་ལྡན་དབང་གཞུ་གུར་ཁྱིམ་འཚེར།།

འདབ་དྲུག་མེ་ཏོག་སེར་ཆེན་ཁྲོད།།     ཕྱེ་ལེབ་བུ་མོས་བྲོ་གར་མཛེས།།

གཡུ་འབྲུག་སྔོན་མོའི་ངར་སྐད་ཀྱིས།།      སྦྲང་ཆར་བསིལ་མ་ས་ལ་འཐིམས།།

རྐང་དྲུག་སྦྲང་མའི་གཤོག་སྒྲ་སྙན།།       དཔྱིད་ཀྱི་དགེ་མཚན་གླུ་རུ་ལེན།