ལྕགས་རྟ་འཁོར་ལོས་ཆབ་མདོའི་གྲོང་ལ་བསྐོར་བ་བརྒྱབ།

གསར་འགྱུར་སྤེལ་དུས།  【2020-05-26 12:45:00】

ཚེས23ཉིན་གྱི་སྔ་དྲོ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་དང་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུད་དང་ཁ་རུབ་ཆུས་སྲིད་གཞུང་གིས་འགན་སྒྲུབ་བླངས་པའི་ཆབ་མདོའི་གྲོང་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཞི་པ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་བ་རེད། ཐེངས་འདིའི་འགྲན་སྡུར་དེ་སྐྱེས་པ་དང་སྐྱེས་མ་ཁག་གཉིས་སུ་དབྱེ་བ་ལས་སྐྱེས་མ་ལ་མི16ཡོད་པ་དང་སྐྱེས་པ་ལ་མི76ཡོད། རྒྱུག་ལམ་ཧྲིལ་བོའི་རིང་ཚད་ལ་སྤྱི་ལེ21.5ཡོད་ལ་རྒྱལ་ཡོངས་ཀྱི་ས་གནས་ཁག་གནས་ཡོང་བའི་འགྲན་ཞུགས་པ92ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཡོད། པར་འདི་ནི་རྒྱལ་ཕམ་འགྲན་རྩོད་ཁྲོད་ཀྱི་འགྲན་ཞུགས་པ་ཚོའི་ཉམས་འགྱུར་ཡིན་པ།