ཨ་པུས་གནམ་ཐང་ལམ་རྒྱུད་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གསུང་གནང་དོན།

སེམས་མཐུན་སྟོབས་སྒྲིལ་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་ཐོན་པར་ཏན་ཏིག་ངང་དམ་འཛིན་ཡག་པོ་དང་། དམ་འཛིན་ཏན་ཏིག་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020-05-29 11:00:00】


འདི་ནི་ཨ་པུས་ཆབ་མདོ་ནས་ལྕགས་ཁ་ལམ་དུམ་གྱི་ཨར་ལས་བྱ་ཡུལ་དུ་རྟོག་ཞིབ་གནང་བཞིན་པ།

        འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས28ཉིན་གྱི་སྔ་དྲོ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཨ་པུའུ་ཡིས་ཆབ་མདོ་གྲོང་ཁུལ་ནས་གནམ་ཐང་ལམ་རྒྱུད་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྩ་དོན་ཐོག་ནས་སེམས་མཐུན་སྟོབས་སྒྲིལ་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་ཐོན་པར་ཏན་ཏིག་ངང་དམ་འཛིན་ཡག་པོ་དང་། དམ་འཛིན་ཏན་ཏིག་བྱེད་དགོས་ཞེས་ནན་གསུང་གནང་ཡོད།

རྒྱལ་ལམ214རྒྱུད་ཀྱི་ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་གཞུང་ལམ་བསྐྱར་འཛུགས་ལས་གྲྭ་སྟེ་ཆབ་མདོ་ནས་ལྕགས་ཁའི་ལམ་དུམ་རྣམ་གྲངས་ནི་བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། ལམ་གྱི་རིང་ཚད་ལ་སྤྱི་ལེ26.956ཡོད།

ཨ་པུས་ཆབ་མདོ་ནས་ལྕགས་ཁའི་ལམ་དུམ་གྱི་ཨར་ལས་བྱ་ཡུལ་དུ་ལམ་རྒྱུད་གཡས་གཡོན་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་གསན་ཡོད། ཁོང་གིས་གནམ་ཐང་ལམ་རྒྱུད་ཀྱི་ཁོར་ཡུག་ནི་ཆབ་མདོའི་སྣང་བརྙན་མངོན་པའི་སྒེའུ་ཁུང་དང་པོ་དེ་ཡིན་པས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལས་དོན་ནི་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་དངོས་ཡོད་དགོས་མཁོ་ཡིན་ལ་འཕེལ་རྒྱས་གསར་པའི་འདུ་ཤེས་དང་ལྗང་འགྱུར་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱེད་པའི་དངོས་ཡོད་དགོས་མཁོ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་བྱ་ཐབས་ཤིག་དེ་བས་ཀྱང་ཡིན། འབྲེལ་ཡོད་རྫོང་ཆུས་ཁག་དང་འགན་འཁྲི་ཚན་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བཅོས་སྐྱོང་ཇུས་གཞི་ཞིབ་ཕྲ་ཅན་དུ་གཏོང་བ། བཅོས་སྐྱོང་འགན་འཁྲི་ཁ་གསལ་དུ་བཏང་ནས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི་རྟེན་འབྲེལ་ཆེ་མོའི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་རིམ་ལྡན་དང་ནུས་ལྡན་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན།