རང་སྐྱོང་ལྗོངས་བརྟག་ཞིབ་ཚོཊ་ཆུང་གིས་གྲོང་ཁྱེར་སྲིད་གྲོས་དང་བཞུགས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020-05-29 11:10:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས27ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཝང་ཡ་ལིན་དང་བཅས་པའི་བརྟག་ཞིབ་ཚོགས་ཆུང་གིས་ངེད་གྲོང་ཁྱེར་གྱི་སྤྱི་པའི་འཕྲོད་བསྟེན་དང་དེ་བཞིན་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་འཛུགས་སྐྱོང་གནས་ཚུལ་སྐོར་ལ་བཞུགས་མོལ་གནང་ཡོད་པ་རེད།

ཝང་ཡ་ལིན་གྱིས་ངེད་གྲོང་ཁྱེར་གྱི་སྤྱི་པའི་འཕྲོད་བསྟེན་དང་དེ་བཞིན་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་འཛུགས་སྐྱོང་གནས་ཚུལ་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲོང་ཁྱེར་འབྲེལ་ཡོད་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་སྐོར་གྱི་ཚོགས་འདུའི་དགོངས་དོན་གལ་ཆེན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྨན་བཅོས་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། གཞི་རིམ་སྨན་བཅོས་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཤེས་ལྡན་པའི་གསབ་སྦྱོང་ལ་མཐོང་ཆེན་དང་མ་བུ་བདེ་སྲུང་དཔུང་སྡེའི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མ་བུའི་བདེ་ཐང་དང་སློབ་གསོ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་། སྤྱི་པའི་འཕྲོད་བསྟེན་ཐོན་ཁུངས་ནུས་པ་ལེགས་སུ་བསྒྱུར་བ། འོས་འགན་མཛུབ་སྟོན་དང་སྲིད་ཇུས་གསབ་སྦྱོང་ཆེ་རུ་བཏང་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས། བོད་སྨན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་ནད་གཡོག་དང་། ལུས་གསོ། ཁམས་གསོ་སོགས་སྤྱི་ཚོགས་རང་བཞིན་གྱི་ཞབས་ཞུ་ཧུར་ཐག་སྤེལ་ཏེ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་སྤྱི་པའི་ཞབས་ཞུ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུའི་རེ་བ་བཏོན་ཡོད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་ཡིས་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་དེ་བཞིན་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངེད་གྲོང་ཁྱེར་གྱི་གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་སྨན་བཅོས་ཀྱི་གཞི་རྩའི་གནས་ཚུལ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གཞི་རྩའི་གནས་ཚུལ་དང་ཏོག་གསར་གློ་ཚད་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་ཡོད།