ཞི་ཅིན་ཕིང་གིས་རྒྱ་ཆེའི་ལོ་ཆུང་བྱིས་པར་མངགས་བཅོལ་གནང་སྟེ།

བརྩོན་འགྲུས་ཆེན་པོས་ཤེས་བྱ་སློབ་སྦྱོང་དང་། ཕུགས་བསམ་དང་དད་སེམས་བརྟན་གཏོང་། བློ་སྟོབས་ལ་ཞུན་བརྡར་སྤྲོད་པ། གཟུཊ་པོར་སྦྱོང་བརྡར་བཅས་བྱས་ནས་ཀྲུང་ཧྭ་མི་རིཌ་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུཊ་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་བསར་བྱེད་དགོས་པའི་ནན་བཤད་གནང་བ།

རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2020-06-02 10:25:00】

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས། ད་ཐེངས་རྒྱལ་ཡོངས་མི་དམངས་ཀྱིས་བློ་སེམས་གཅིག་ཏུ་བསྒྲིལ་ནས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འཐབ་རྩོད་སྤེལ་རིང་། རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ཀྱིས་ཀྱང་དམིགས་བསལ་གྱི་དུས་སྐབས་འདི་བརྒྱུད། ཀྲུང་གོ་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་ལ་མ་འཛེམ་པར་མདུན་དུ་སྐྱོད་པའི་བྱ་སྤྱོད་རླབས་པོ་ཆེ་མིག་མཐོང་ལག་ཟིན་བྱུང་ཡོད་ལ། ཏང་དང་སྲིད་གཞུང་གི་འབོད་སྐུལ་ལ་ཉན་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་རིམས་འགོག་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་ནས། རང་རྒྱལ་གྱི་ལོ་ཆུང་བྱིས་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ལོ་ཆུང་འཇོན་ཐང་ལྡན་གྱུར་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་བར་ངེས། དེང་རབས་ཀྲུང་གོའི་ལོ་ཆུང་བྱིས་པ་རྣམས་ནི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་རིང་གི་མྱོང་ལེན་བ་དང་བདེན་དཔང་བ་ཞིག་ཡིན་ལ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་སྟོབས་གསར་དམག་ཞིག་དེ་བས་ཡིན། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་བརྩོན་འགྲུས་ཆེན་པོས་ཤེས་བྱ་སློབ་སྦྱོང་དང་། ཕུགས་བསམ་དང་དད་སེམས་བརྟན་གཏོང་། བློ་སྟོབས་ལ་ཞུན་བརྡར་སྤྲོད་པ། གཟུགས་པོར་སྦྱོང་བརྡར་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་བསར་བྱེད་དགོས་པའི་རེ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་བྱིས་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས། གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་པར་དམིགས་ཏེ། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྒྱུར་བཅོས་གསར་གཏོད་ཟམ་མི་ཆད་པར་བྱེད་པ་དང་ལས་དོན་ཧུར་ཐག་བསྒྲུབས་ནས། ཏང་གི་ལོ་ཆུང་བྱིས་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།