སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་ལ་མང་ཚོགས་བློ་ཡིད་ཚིམ་པ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020-06-02 10:40:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཁྲེན་ཅུན་གྱིས“འདི་ལོ་ངས་གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་རིགས་དབྱེ་ཐག་གཅོད་ཀྱི་ཚད་གཞིར་གཞིགས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཟུང་འབྲེལ་བྱས་ཏེ་གྲོས་གཞི་ཞིག་བཏོན་པ་ཡིན། དེ་བརྒྱུད་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ནུས་པ་སྔར་བས་ཆེ་རུ་གཏོང་ཐུབ་པའི་རེ་བ་ཡོད”ཅེས་གསུངས་པ་རེད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ལས་དོན་མི་སྣས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐད་གཏོང་ལེ་ཚན་ལྟ་ཉན་བྱས་པ་མ་ཟད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་གླེང་མང་བའི་ནང་དོན་ལ་གྲོས་བསྡུར་ཡང་ཡང་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཚོད་སྐོར་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཅིའུ་ཅང་གིས“འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་སྒྲིག་གཞི་སྒྱུར་བཅོས་གོ་སྐབས་སུ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་གཞི་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། མི་སྣའི་སྒྲིག་ཁོངས་མང་དུ་གཏོང་བ། མཁྲེགས་ཆས་བཀོད་སྒྲིག་རིམ་སྤོར་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ཅུས་དང་རྫོང(ཆུས)ཡན་ལག་ཅུས་ཀྱི་ཁོར་ཡུག་གི་ལྟ་འདོམས་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག ང་ཚོས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་དང་། སྦགས་བཙོག་འགོག་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས། སྣོད་བཅུད་ཁོར་ཡུག་གི་མ་ལག་སླར་གསོ་བཅས་འབུར་དུ་ཐོན་པར་བྱས་ནས་སྣོད་བཅུད་ཁོར་ཡུག་ལ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད། སླད་ཕྱིན་ང་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་གྱི་ངོ་བོ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ། རང་ངོས་ཀྱི་ལས་ཀ་དང་ཟུང་འབྲེལ་གྱིས་སྙིང་སྟོབས་དེ་བས་ཆེར་སྐྱེད་དང་སྤྲོ་སེམས་དེ་བས་ཆེ་བའི་སྒོ་ནས་ཆབ་མདོ་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་ལས་དོན་ནང་ཞུགས་རྒྱུ་ཡིན”ཞེས་བཤད་པ་རེད།