དམག་དོན་ལོ་རྒྱུས་ཁང་དུ“དྲུག་གཅིག”ལ་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2020-06-05 11:15:16】

738637_yis_1590988454865_s.jpg

“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། བོད་དུ་བཅའ་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་གིས་བཅའ་སྡོད་བྱ་ཡུལ་གྱི་སློབ་ཆུང་སློབ་མ་སྒྲིག་འཛུགས་བྱས་ཏེ། དཔུང་སྡེའི་དམག་དོན་ལོ་རྒྱུས་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་ནས། འོད་སྟོང་འཕྲོ་བའི་ལོ་རྒྱུས་བསྐྱར་དྲན་དང་། “གསར་བརྗེའི་རིག་གནས”མྱོང་རོལ་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་ཡོད། འདི་ནི་སློབ་མ་ཚོས་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།