ཁྲེན་ཅུན་ཙེ་ཅིན་གཏེར་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཙོའུ་ལའེ་ཁྲང་དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2020-06-09 11:25:00】

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་4ཉིན་གྱི་ཕྱི་དྲོ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་གྱིས་ཙེ་ཅིན་གཏེར་ལས་ཚོགས་པའི་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཙོའུ་ལའེ་ཁྲང་དང་བཅས་པ་དང་ཐུག་འཕྲད་བྱས་ནས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་། བོད་སྐྱོར་ལས་དོན། དངུལ་རྩའི་རོགས་སྐྱོར་སོགས་འབྲེལ་ཡོད་དོན་དག་ཐད་སྤེལ་རེས་བྱས་པ་རེད།

ཙོའུ་ལའེ་ཁྲང་གིས་ཙེ་ཅིན་གཏེར་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་ཟིའི་མིག་སྔར་གྱི་ཐོན་སྐྱེད་ཚོང་གཉེར་དང་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་བྱས་པ་དང་། དུས་ཡུན་རིང་པོའི་ནང་ཙེ་ཅིན་གཏེར་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་ཟི་དང་བརྩེ་བ་ཟབ་མོ་ཡོད་པ་དང་གཡུ་ལུང་ཟངས་གཏེར་དང་ཞི་མཐུན་མཉམ་ལས་བྱུང་ཡོད་ཞེས་གསུངས་པ་རེད།

ཁྲེན་ཅུན་གྱིས་ཐོག་མར་ཙོའུ་ལའེ་ཁྲང་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་འོག་ཆབ་མདོའི་སྨན་བཅོས་དང་། སློབ་གསོ། དམངས་འཚོ་སོགས་ཐད་ཀྱི་ཞན་ཆ་གསབ་ནས་གནད་སྨིན་དབུལ་སྐྱོར་དང་། གྲོང་གསེབ་དར་རྒྱས། གྲོང་ཁྱེར་དང་གྲོང་རྡལ་ཅན། ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ད་ཆ་ཆབ་མདོར་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། མི་དམངས་བདེ་སྡོད་ལས་བརྩོན། མི་རིགས་ཁག་གི་མང་ཚོགས་ཀྱིས་བརྟན་ལྷིང་ལ་བསམ་བློ་གཏོང་བ་དང་། མཐུན་སྒྲིལ་དོན་གཉེར་བྱེད་པ། འཕེལ་རྒྱས་ལ་རེ་སྒུག་བྱེད་པ་བཅས་ཀྱི་འདུན་པ་ཧ་ཅང་ཆེན་པོ་ཡོད་ཞེས་གསུངས།