འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་49པ།

གསར་འགྱུར་སྤེལ་དུས།  【2020-06-09 11:35:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་6ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་49པ་ཡིན། ཉིན་དེར་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་སྣེ་ཁྲིད་དེ་འཕེལ་སྒྱུར་ཨུ་ལྷན་དང་། སློབ་གསོ་ཅུས། རང་བྱུང་ཐོན་ཁུངས་ཅུས་སོགས་ཚན་པ་18དང་། ཁེ་ལས་ཚན་པ་བཅུ་དང་སློབ་གྲྭ་གཉིས་བཅས་མཉམ་འབྲེལ་གྱིས་ཇ་རྟ་ཐང་ཆེན་དུ་“མཛེས་སྡུག་ལྡན་པའི་ཀྲུང་གོ ང་ནི་བྱ་སྤྱོད་སྤེལ་མཁན་ཡིན་”ཞེས་པའི་བརྗོད་བྱ་གཙོ་བོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད

      ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་འགྲེམས་པང་སྤྱད་དེ་འགྲེམས་སྟོན་བྱས་པ་དང་། བློ་འདྲིའི་ས་ཚིགས་དང་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་སོགས་རྣམ་པ་སྣ་མང་གི་ཐོག་ནས་དྲིལ་བསྒྲགས་བྱས་ཏེ་ཁོར་ཡུག་ཤེས་བྱའི་ལག་དེབ་དང་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་སྦགས་བཙོག་འགོག་བཅོས་ཀྱི་ཤོག་ལྷེབ་སོགས་དྲིལ་བསྒྲགས་དཔྱད་ཡིག་ཁག་800ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་1000ལྷག་ཙམ་སྤྲད་པ་མ་ཟད། བྱེད་སྒོའི་ནང་ད་དུང་ཁོར་ཡུག་སྲུང་སྐྱོང་གི་རྩོམ་བསྡུ་དང་པར་རིས། གསར་གཏོད་བརྩམས་ཆོས་བཅས་ཀྱི་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་སྤྲད་པ་རེད།