གསར་གཏོད་ཀྱི་འདུ་ཤེས་ལ་བརྟེན་ནས་བསམ་བློའི་འཆིང་རྒྱ་གཏོར་བ་དང་ལག་རྩལ་གསར་རྐྱང་ལ་བརྟེན་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020-06-09 11:45:00】

     འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་2ཉིན་ཁྲུང་ཆིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཀྱིས་སྣེ་འཁྲིད་པའི་ཁྲུང་ཆིང་སྤྱི་པའི་རིག་གནས་ཁྱབ་ཁོངས་ཀྱི་རིག་གཅིག་མཁས་ཅན་དང་ཁེ་དབང་སྒྲིག་འཛུགས་བྱས་ནས་ཆབ་མདོའི་གཞི་རིམ་མང་ཚོགས་ཀྱི་རིག་གནས་ལས་དོན་ཐད་འཕྲལ་བའི་དཀའ་ངལ་དང་གནད་དོན་ལ་བསམ་འཆར་དང་གྲོས་འགོ་སྟོན་པ་རེད། གསར་གཏོད་ཀྱི་འདུ་ཤེས་ལ་བརྟེན་ནས་བསམ་བློའི་འཆིང་རྒྱ་གཏོར་བ་དང་ལག་རྩལ་གསར་རྐྱང་གི་ཐོག་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་ནས། ཆབ་མདོའི་གཞི་རིམ་མང་ཚོགས་ཀྱི་རིག་གནས་ལས་དོན་སྒྲུབ་མཁན་ཆེད་ལས་ལག་རྩལ་གྱི་ལས་བྱེད་པ་50ལ་གནམ་ས་གསར་པ་ཞིག་བཏོད་ནས། ཆབ་མདོར་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་གཞི་རིམ་མང་ཚོགས་ཀྱི་རིག་གནས་ལས་དོན་རྣམ་པ་གསར་པ་ཞིག་བཏོད་ཡོད།

རིགས་གཅིག་མཁས་ཅན་ཚོས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་འཕེལ་རྒྱས་དང་། མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཇུས་འགོད་རྩ་འཛུགས། རིག་གནས་དང་ཡུལ་སྐོར་གསར་གཏོད་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་དང་ཆབ་མདོའི་ལོ་རྒྱུས་དང་རིག་གནས་འཕེལ་རྒྱས་སོགས་ཀྱི་ཚད་མང་པོ་ཐོག་ནས་ཆབ་མདོའི་གཞི་རིམ་མང་ཚོགས་ཀྱི་རིག་གནས་ལས་དོན་ལ་དབྱེ་ཞིབ་དང་བགྲོ་གླེང་བྱས་ཏེ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཁ་ཕྱོགས་གསལ་པོ་དང་གནས་ས་གསུམ་གསལ་པོ་ཤེས་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་དང་བྱེད་ལས་ཀྱི་གནས་གསལ་པོ་དགོས་པ། མཁོ་སྤྲོད་ཀྱི་འབྲེལ་བ་གསལ་པོ་བཅས་བྱེད་དགོས། ཐུམ་སྒྲིལ་ཇུས་འགོད་བྱེད་རྒྱུར་དོ་སྣང་བྱས་ནས་ཚོང་གཉེར་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་རྒྱག་སྟེ། ཆབ་མདའི་ས་ཁམས་ལེགས་ཆ་དང་།མཛེས་ལྗོངས་ལེགས་ཆ། རིགས་གནས་ལེགས་ཆ་བཅས་གྲོང་ཚོ་དར་རྒྱས་འཐབ་ཇུས་ཀྱིས་ལག་བསྟར་གྱི་ལེགས་ཆར་སྒྱུར་དགོས།