ཁ་རུབ་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་དང་རྟེན་འབྲེལ་ཆེན་མོར་བསུ་བ་ཞུ་བའི་“ཤེས་དཔལ་བཅུའི་”ཉིན་བརྒྱའི་ཆེད་དོན་བྱ་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020-06-12 11:50:50】

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ་ཁ་རུབ་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་དང་རྟེན་འབྲེལ་ཆེན་མོར་བསུ་བ་ཞུ་བའི་“ཤེས་དཔལ་བཅུའི་”ཉིན་བརྒྱའི་ཆེད་དོན་བྱ་སྤྱོད་འགོ་ཚུགས་མཛད་སྒོ་དེ་ཁ་རུབ་ཆུས་ལ་སྤེལ་བ་རེད།

མཛད་སྒོའི་ཐོག་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལེའོ་ཁྲོན་ཅིན་གྱིས་ཁ་རུབ་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུ་སྤྱི་ཁྱབ་རུ་ཁག་དང་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་། གཞོན་ནུ། བུད་མེད། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། སློབ་གསོ། ཚན་རྩལ་ཚན་རིག་ཁྱབ་གདལ། བཅའ་ཁྲིམས། རིག་གནས། སྨན་བཅོས། མེ་ཟོན་རོགས་སྐྱོབ་དང་སྡེ་ཁུལ་སོགས་དང་བླངས་ཞབས་ཞུ་རུ་ཁག་11ལ་དར་ཆ་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལས་དོན་སྤེལ་ཚུན། ཁ་རུབ་ཆུས་རྒྱལ་ཡོངས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ཐེངས་གཉིས་པའི་ཚོད་ལྟའི་རྫོང་(ཁུལ་)གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་གོང་བུར་འགྲིལ་བ་དང་མང་ཚོགས་ལ་ཁྲིད་སྟོན་བྱ་རྒྱུར་དམིགས་པ་དང་ཆུས་དང་། ཤང(གྲོང་རྡལ་)གྲོང་ཚོ(གྲོང་ལྷན)བཅས་རིམ་གསུམ་ཚན་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“ལྟེ་གནས-སོའོ-ས་ཚིགས”རིམ་གསུམ་རྩ་འཛུགས་མ་ལག་བསྐྲུན་ཡོད་པ་རེད། མིག་སྔའི་བར་ཁ་རུབ་ཆུས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆེད་དོན་སློབ་སྦྱོང་ཆེ་མོ་དང་གྲོས་བསྡུར་ཆེ་མོ་ཐེངས་390ལྷག་ཙམ་བྱས་པ་དང་། ཤང(གྲོང་རྡལ)གིས་མང་ཚོགས་རང་བཞིན་གྱི་གཏམ་བཤད་འགྲན་བསྡུར་ཐེངས་9བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་གཏམ་ཤོད་རེས་ཀྱི་ཚོགས་འདུ་ཐེངས་140ལྷག་ཙམ་འཚོགས་པ། སྒྲོག་འགྲེལ་ཚོགས་པས་དྲིལ་བསྒྲགས་སྒྲོག་འགྲེལ་གྱི་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་བ། མང་ཚོགས་ཁྲི་5ལྷག་ཙམ་ལ་སློབ་གསོ་ཐེབས་པ་རེད།

དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་དང་བླངས་ཞབས་ཞུའི་ལྟེ་གནས་སྒོ་བྱང་བཀལ་པ་དེ་ཐོག་ནས་ཁ་རུབ་ཆུས་ཀྱིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ ། དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བ། དང་བླངས་ཞབས་ཞུ་བྱེད་པ་བཅས་ཀྱི་སྟེགས་བུ་གསར་པ་དང་གཡུལ་ས་གསར་པ་ལ་འཛུགས་པ་མཚོན་ཡོད། གོམ་སྟབས་རྗེས་མར་ཁ་རུབ་ཆུས་ཀྱིས་ཤེས་དཔལ་གྱི་ལག་ལེན་བྱེད་སྒོ་དང་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དང་རིམ་སྤོར་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཟུང་འབྲེལ་དམ་ཟབ་བྱས་ནས། དུས་རབས་གསར་པའི་ཤེས་དཔལ་ལས་དོན་གྱི་ཕན་འབྲས་དེ་ཁ་རུབ་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་མཚོན་པ་དང་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་ཞིབ་ཕྲའི་བརྒྱུད་རིམ་ནང་མངོན་ཡོད།