ཨ་པུས་ཏང་ཨུད་ཀྱི་ཆ་འཕྲིན་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020-06-12 16:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས9ཉིན་གྱི་ཕྱི་དྲོ་གྲོང་ཁྱེར་ཡོངས་ཀྱི་ཏང་ཨུད་ཁོངས་གཏོགས་ཀྱི་ཆ་འཕྲིན་ལས་དོན་ཚོགས་འདུ་དེ་ཆབ་མདོའི་ཚོམས་ཆེན་ནང་འཚོགས་པ་རེད། ཚོགས་འདུའི་ཐོག་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུས་ཏང་ཨུད་ཀྱི་ཆ་འཕྲིན་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད་གྲོང་ཁྱེར་ཡོངས་ཀྱི་ཏང་ཨུད་ཁོངས་གཏོགས་ཀྱི་ཆ་འཕྲིན་ལས་དོན་གནས་ཚུལ་བརྡ་ཁྱབ་བཏང་ཡོད།

ཨ་པུའུ་ཡི་མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱི་ཏང་ཨུད་ཁོངས་གཏོགས་ཀྱི་ཆ་འཕྲིན་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་དོན་ཆེན་དང་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་བྱེད་པའི་ཚ་གནད་དང་དཀའ་གནད་ཀྱི་གནད་དོན་སོ་སོར་དམིགས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་། གྲོང་ཨུད་བཅས་ལ་དཔྱད་གཞིའི་རིན་ཐང་ལྡན་པའི་ཆ་འཕྲིན་འབོར་ཆེན་མཁོ་འདོན་བྱུང་སྟེ་ཆ་འཕྲིན་ཞབས་ཞུའི་བྱེད་ལས་དང་ནུས་པ་རྒྱུན་མི་ཆད་པར་ཤུགས་སྣོན་དང་། ནང་དོན་དང་རྣམ་པ་རྒྱུན་མི་ཆད་པར་གསར་དུ་གཏོད་པ། དམིགས་གཏད་རང་བཞིན་དང་ནུས་ལྡན་རང་བཞིན་རྒྱུན་མི་ཆད་པར་མཐོ་རུ་སོང་ནས་གྲོང་ཨུད་ཀྱིས་གནས་ཚུལ་རྒྱུས་ལོན་དང་། ཚན་རིག་ལྟར་འཐབ་ཇུས། ལས་དོན་མཛུབ་སྟོན་བཅས་ཀྱི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོའི་ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆ་འཕྲིན་མཚོན་པའི་གནད་དོན་དང་སྤེལ་རེས་ཉམས་མྱོང་གི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དངོས་ཡོད་གནས་ཚུལ་རིགས་དང་། སྣ་འཛོམས་རིགས། ཁྱད་ལྡན་ལེགས་ཆའི་རིགས་དང་། རྒྱལ་ནང་དང་རྒྱལ་སྤྱིའི་གླེང་ཕྱོགས་དབྱེ་ཞིབ་ཀྱི་རིགས་སོགས་ཆ་འཕྲིན་ཁྱོན67000ཙམ་རྩོམ་སྒྲིག་སྙན་ཞུ་ཕུལ། གྲོང་ཨུད་གཞུང་དོན་ཁང་གིས་ཁྱོན《ཆབ་མདོའི་ཆ་འཕྲིན》ཐོག3150དང་། 《དངོས་ཡོད་གནས་ཚུལ》འདོན་ཐེངས340 བེད་སྤྱོད་བཏང་བའི་ཆ་འཕྲིན་རིགས5200ཡས་མས་ལེགས་སྒྲིག་དང་། རྩོམ་སྒྲིག སྙན་ཞུ་ཕུལ་བ་ལས་ཀྲུང་དབྱང་གཞུང་ལས་ཐིང་དང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གིས་སོ་སོ12དང་275བེད་སྤྱོད་བཏང་ནས་རིམ་ཁག་འགོ་ཁྲིད་ཀྱི་མཆན་བཀོད་རིགས10ཡོད།