ཞིང་ཞོར་ཐོན་རྫས་ལ“ཐོབ་ཐང་ལག་འཁྱེར”དང“ཁས་ལེན་ཡི་གེ”ཡོད་པ།

ཆབ་མདོས་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ཐོག་མ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2020-06-12 16:10:00】

འདི་ནི་ངག་དབང་ཚེ་བརྟན་གྱིས་ཚད་ལོན་ལག་འཁྱེར་ཡོད་པའི་སྔོ་ཚལ་སྟོན་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས10ཉིན་ཁམས་གོ་བྱ་རིགས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་། དཔལ་འབྱོར་གསར་སྤེལ་ཁུལ་ཤིང་ཏོག་ར་བ། ཁ་རུབ་ཆུས་རུ་དུང་ཤང་ཝ་མདའ་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་དུད་ཁྱིམ་ངག་དབང་ཚེ་བརྟན་བཅས་ལ་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་འཁྱེར་ཐོག་མ་དེ་རག་པ་དང་། དེ་ཐོག་ནས་ངེད་གྲོང་ཁྱེར་གྱིས་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་འཁྱེར་ལམ་ལུགས་དངོས་སུ་ཁྱབ་གདལ་བཏང་བ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་འཁྱེར་ལམ་ལུགས་ནི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱིས་རང་ངོས་ཀྱི་སྤུས་ཚད་ཚོད་འཛིན་དང་། དོ་དམ། ཁས་ལེན་བཅས་བྱེད་པའི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅོས་སྐྱོང་ལམ་ལུགས་གསར་པ་ཞིག་རེད།

ན་ནིང་ཟླ༡༢པའི་མཇུག་ཏུ་ཞིང་ལས་དང་གྲོང་གསེབ་པུས་རྒྱལ་ཡོངས་སུ་ཚོད་ལྟའི་ལག་བསྟར་བྱེད་མགོ་ཚུགས་པ་དང་། ད་ལོའི་ཟླ༡པའི་མཇུག་ཏུ་རང་ལྗོངས་སུ་བེད་སྤྱོད་བྱེད་སྒོ་ཚུགས།