གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020-06-12 16:15:00】

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་9ཉིན་གྱི་ཕྱི་དྲོར་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་ཀྱི་“ཚོགས་འདུ་གཉིས”ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་མ་ཟད་ད་དུང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་ཉེ་ཆར་འཚོགས་པའི་ཚོགས་འདུ་དགོངས་དོན་གལ་ཆེན་རབ་དང་རིམ་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དུས་བབ་ལ་སྔར་བས་ངོས་འཛིན་གསལ་པོ་དང་གོ་སྐབས་དམ་འཛིན་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་འདི་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་སྐུལ་སློང་བྱས་པ་རེད།

གྲོང་ཨུད་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཧྲི་ཀྲང་ཁྲེན་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཁྱེར་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་སྡེ་ཚན་གྱིས་རྒྱལ་ཡོངས་“ཚོགས་འདུ་གཉིས”ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེའི་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་ཀར་སྐུལ་འདེད་གཏོང་བའི་སྟོབས་ཆེན་ནུས་པ་བཅས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱེད་དགོས།

ཁྲེན་ཅུན་གྱིས་རིམ་པ་ཁག་དང་སྡེ་ཁག་ཁག་གིས་གཅིག་ནས་རང་རྟོགས་ངང་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་རུ་གཏོང་སྟེ། རྒྱལ་ཡོངས་ཀྱི་“ཚོགས་འདུ་གཉིས་”ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་“ཚོགས་འདུ་གཉིས་”རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་དགོས་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་ཀྱི་ངོ་བོར་གོ་བ་གཏིང་ཟབ་བླངས་པ། རང་རྒྱལ་གྱི་བྱ་གཞག་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པར་གོ་བ་གཏིང་ཟབ་བླངས་པ། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཀྲུང་དབྱང་གི་བླང་བྱ་གསར་པ་འདོན་པར་གོ་བ་གཏིང་ཟབ་བླངས་པ་བཅས་ལ་སྟངས་འཛིན་འཕྱུགས་མེད་དང་གཞན་སྒྱུར་ལས་དོན་དང་ཟུང་འབྲེལ་ཡག་པོ་བྱས་ནས་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་སྙིང་སྟོབས་དེའི་རང་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡང་དག་བསམ་ཕྱོགས་དང་དངོས་ཡོད་བྱ་ཐབས་སུ་བསྒྱུར་ནས་རྒྱུན་རྣམ་ཅན་གསར་པའི་འོག་འཕེལ་རྒྱས་གསར་པ་ཧུར་ཐག་ཡོང་བ་བྱེད་དགོས། གཉིས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལོ་སྟོད་དུ་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ལ་དམ་པོར་དམིགས་ནས། དུས་ཚོད་ཀྱིས་མི་མི་སྒུག་པའི་འདུ་ཤེས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུགས་བསམ་པ་དང་འགན་འཁྲིའི་བསམ་པ་བཅངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་མིའི་ལས་ཞུགས། གཞི་རྩའི་དམངས་འཚོ། ཐོན་ལས་འཕེལ་རྒྱས། རྣམ་གྲངས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ། བདེ་འཇགས་ཐོན་སྐྱེད། 《དམངས་དོན་ཁྲིམས་གཞུང་》སོགས་ཀྱི་དྲིལ་བསྒྲགས་ལས་དོན་ཁག་ལ་གཙོ་གནད་དམ་འཛིན་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱས་ནས་ཏན་ཏན་ཏིག་ཏིག་གི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱེད་དགོས། གསུམ་ནི་ཆབ་སྲིད་འཛུགས་སྐྱོང་དང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་སྤྱི་འདོམས་ཀྱི་འགན་ལེན་བྱ་ཐབས་ཁག་ལ་ཤུགས་སྣོན་རྒྱག་པ། ཕན་འབྲས་ཆེན་པོ་ཐོན་པ་དང་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པར་བཅས་ལ་བླང་བྱ་བཏོན་ཡོད། ཚོགས་འདུའི་ཐོག་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝེ་ཏུང་དང་དབྱང་ཧའོ་ཡིས་《ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི་“ཚོགས་འདུ་གཉིས”རིང་གི་གསུང་བཤད་གལ་ཆེའི་དགོངས་དོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་གནད་བསྡུས་ 》དང་ 《 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མའོ་ནན་རིཌ་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བའི་ཐད་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་》 《 སྐབས་དགུ་པའི་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚན་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་ཚོགས་འདུའི་དགོངས་དོན་ 》 《རང་སྐྱོང་ལྗོངས་ཀྱི་ས་ངན་གནས་སྤོའི་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནད་བསྡུས།》བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ། ཧྲི་ཀྲང་གཞོན་པ་ལིའུ་ཝུན་ཏེ་དང་སྒྲོལ་དཀར་རྣམ་གཉིས་ཀྱིས་《ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་2020ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་གནད་བསྡུས་》 དང་《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་པ་གསར་པ་ཆགས་པ་མཛུབ་ཁྲིད་བསམ་འཆར་》 《 ཟླ་4ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་ལམ་ཚོགས་འདུའི་ཐོག་གི་མཛུབ་སྟོན་གལ་ཆེན་》 《ཙུང་ལི་ལི་ཁེ་ཆང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ཐོག་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་》བཅས་བརྒྱུད་བསྒྲགས་གནང་བ་ཡོད་པ་རེད།