ཁ་རུབ་ཆུས་ཀྱིས“ཁྲོམ་དཔོན་ལམ་ལུགས”ཀྱི་དོ་དམ་བྱ་ཐབས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ“གྲོང་ཁྱེར་གྱི་སྣང་ཚུལ་ངན་པ”བསལ་བ།

གསར་འགྱུར་སྤེལ་དུས།  【2020-06-12 16:25:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2017ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་གྲོང་ཁུལ་དུ་གྲོང་ཁྱེར་དོ་དམ་གྱི“དྲ་མིག་ཅན་དང་། ཞིབ་ཚགས་ཅན། ཞབས་ཞུའི་རྣམ་པ”བཅས་ཀྱི་དོ་དམ་བྱ་ཐབས་སྟེ“ཁྲོམ་དཔོན་ལམ་ལུགས”རིམ་བཞིན་ཁྱབ་གདལ་བཏང་ནས་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཞིབ་ཚགས་ཅན་གྱི་གྲོང་ཁྱེར་དོ་དམ་ལས་དོན་དོན་འཁྱོལ་ཏན་ཏིག་བྱེད་པ། དོ་དམ་བྱ་ཐབས་སྔར་བས་གསར་གཏོད་བཅས་བྱས་ཏེ་གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་བ་རེད།

ལོ་མང་རིང་ཁ་རུབ་ཆུས་ཀྱིས་མི་རྩ་བར་འཛིན་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དམིགས་ཡུལ་གྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མང་ཚོགས་བློ་ཡིད་ཚིམ་མིན་ཚད་གཞིར་བཟུང་ནས“གྲོང་ཁྱེར་གྱི་སྣང་ཚུལ་ངན་པ”སྣ་ཚོགས་ཧུར་ཐག་བསལ་བ་རེད།

གྲོང་ཁྱེར་དོ་དམ་གྱི“ཁྲོམ་དཔོན་ལམ་ལུགས”ཁྱབ་གདལ་བཏང་ཚུན། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཁྲིད་སྟོན་དུ་བྱེད་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། དེང་རབས་ཅན་གྱི་གྲོང་ཁྱེར་དོ་དམ་སྟོན་ཕྱོགས་སུ་འཛིན་པ། “བདུན་ལྡན་གྲོང་ཁྱེར་མཉམ་གཏོད”གོ་སྐབས་སུ་འཛིན་པ། གྲོང་ཁྱེར་དོ་དམ་གྱི“ཁྲོམ་དཔོན་ལམ་ལུགས”གྲོང་ཁྱེར་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བའི་བྱ་ཐབས་གལ་ཆེན་ལ་བརྩི་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། འགན་ནུས་སྒྱུར་བ། དཔྱད་ཞིབ་ནན་པོ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། འགན་དབང་ཁ་གསལ་དང་། ཞབས་ཞུ་སྔོན་འཇོག དོ་དམ་ལེགས་གཏོང་། ཁྲིམས་འཛིན་ཚད་ལྡན། བདེ་འཇགས་གོ་རིམ་ལྡན་པ་བཅས་ཀྱི་གྲོང་ཁྱེར་དོ་དམ་སྒྲིག་སྲོལ་འཛུགས་པ། ཚན་རིག་ཅན་དང་། ཞིབ་ཚགས་ཅན། རིག་ནུས་ཅན་བཅས་ཀྱི་གྲོང་ཁྱེར་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་འཁོར་རྒྱུག་ནུས་པ་ཆེ་ལ་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་གྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱས་ཡོད།

འབྲེལ་ཡོད་འགན་ཁུར་མི་སྣས། གོམ་སྟབས་རྗེས་མའི་ལས་དོན་སྤེལ་རིང་། ཁ་རུབ་ཆུས་ཀྱིས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་འགན་འཁྲི་དོན་འཁྱོལ་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིབ་ཚགས་ཅན་གྱི་དོ་དམ་བྱེད་པ། ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་མཐའ་འཁྱོངས་བྱེད་པ། དཔྱད་ཞིབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བའི་འགན་ལེན་བཅས་བྱས་ཏེ“ཁྱད་ཆོས་མངོན་གསལ་དོད་པ་དང་། ཁོར་ཡུག་མཛེས་པ། བདེ་འཇགས་གོ་རིམ་ལྡན་པ། སྡོད་མལ་ལ་འཚམ་པ”བཅས་ཀྱི་གྲོང་ཁྱེར་ཁོར་ཡུག་སྐྲུན་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།