ཡ་རབས་སྤྱོད་བཟང་བསྟོད་བསྔགས་དང་། མ་རབས་སྲོལ་ངན་དམར་འདོན་བྱེད།

གྲོང་མིའི་སྡེ་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་གནད་དོན་ཐེར་འདོན་བྱས་པ།

གསར་འགྱུར་སྤེལ་དུས།  【2020-06-16 16:37:37】



              འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཤེས་དཔལ་འགུལ་སྤྱོད་དེ་ཆབ་མདོའི་གོང་འོག་ཚང་མར་སྤེལ་བའི་སྐབས་འདིར་ཚེས་10ཉིན་གྱི་སྔ་དྲོ་གསར་འགོད་པ་སྔ་རྗེས་སུ་གྲོང་ཁྱེར་གྱི་ཁང་གླ་ཁེ་བའི་སྡོད་ཁང་དང་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ལས་བཟོའི་ལས་ཤག། གྲོང་ཁྱེར་འབྲུ་རིགས་ཅུས་ཀྱི་ལས་འཁྱུར་ངལ་གསོ་ལས་བཟོའི་སྡོད་ཁང་བཅས་ལ་འགྲོ་སྐབས་སྡེ་ཁུལ་དེ་དག་གི་ནང་དུ་རང་དགར་ངང་གྱོན་གོས་དང་ཉལ་ཆས་སོགས་གང་བྱུང་སྐམ་པ་དང་གྱང་ངོས་སུ་གང་བྱུང་དུ་རི་མོ་བྲིས་པ། འཕྲུལ་རྟ་གང་འདོད་དུ་འཇོག་པ་སོགས་ཟང་ཟིང་རྣམ་པ་མང་པོ་ཞིག་སྔར་བཞིན་མཐོང་རྒྱུ་ཡོད། སྣང་ཚུལ་ཚབས་ཆེན་ཡིན་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་གནད་དོན་ཡང་འབུར་དུ་ཐོན་ཡོད་པས། སྡེ་ཁུལ་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། དེར་བརྟེན། ང་ཚོས་སྤྱི་ཚོགས་ལས་རིགས་ཁག་གིས་སྡེ་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཡུལ་བབ་དང་བསྟུན་ནས་སྡེ་ཁུལ་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་ཏེ་གྲོང་མོའི་སྡེ་ཁུལ་གྱི་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་དང་། གྲོང་མི་སྡེ་ཁུལ་གྱི་ཤེས་དཔལ་འཚོ་བ་དང་མཉམ་འདྲེས་ཐུབ་པ་བྱས་ནས། ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུར་དེ་བས་ལེགས་པའི་སྒོ་ནས་རོགས་རམ་བྱེད་པ། ཤེས་དཔལ་ལྡན་པའི་ཁྱིམ་གཞིས་ལོངས་སྤྱོད་ཐུབ་པ་བཅས་བྱེད་དགོས་པའི་འབོད་སྐུལ་བྱེད།