ཁྲེན་ཅུན་གྱིས་ཁ་རུབ་ཆུས་ཁ་རུབ་ཆུས་སུ་བརྟག་ཞིབ་གནང་སྐབས།

དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020-06-16 11:40:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་11ཉིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བྱམས་བརྩེའི་འཚམས་འཁྱེར་ཏེ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཁྲེན་ཅུན་དང་བཅས་སྟབས་བདེ་ངང་སྔ་རྗེས་སུ་ཁ་རུབ་ཆུས་ཚེར་དབད་དང་སྨན་མདའ། ལྷ་ཐོག་བཅས་ཤང་ལྔར་ཕེབས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་དར་སྤེལ། སློབ་གསོ་དང་སྨན་བཅོས། ཆོས་ལུགས་དོ་དམ་སོགས་ཀྱི་ཆེད་མངགས་བརྟག་ཞིབ་གནང་ཡོད་པ་མ་ཟད་ཤང་དང་གྲོང་རྡལ། གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

ཁྲེན་ཅུན་དང་བཅས་པར་ཕེབས་རིམ་བཞིན་མང་ཚོགས་ཀྱི་ཁྱིམ་དང་། ཤང་དང་གྲོང་རྡལ་ཚན་པར་ཕེབས་ནས་གཞི་རིམ་ལས་བྱེད་པ་དང་། ས་གནས་དེ་གའི་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་དང་གྲོས་བསྡུར་གནང་བ་དང་། སྐད་ཆ་གདན་པ་ཉན་པ་དང་། གནས་ཚུལ་དངོས་ཤེས་རྟོགས། དོན་འཁྱོལ་དམ་འཛིན། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་གནང་ཡོད། ཁྲེང་ཅུན་དང་བཅས་པ་ཡོར་པ་ཤང་ལྷ་རི་གྲོང་ཚོའི་ཡོར་སྟོད་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཆོས་སྲུང་ཁྱིམ་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཚུལ་མཁྱེན་རྟོགས་གནང་བ་རེད། ཆོས་སྲུང་གིས་ཁྲིན་ཅུན་དང་བཅས་པར་རང་གི་ཁྱིམ་ཚང་གི་འཚོ་བར་དགའ་འོས་པའི་འགྱུར་ལྡོག་ཕྱིན་པ་དང་འབྲེལ་ཏང་ཀྲུང་དབྱང་དང་ཞིས་ཅིན་ཕིང་གི་སྤྱི་ཁྱབ་བཀའ་དྲིན་ལན་འཇལ་བའི་བརྩེ་སེམས་མཚོན་པར་བྱས་ཡོད།

ཤང་རེར་སླེབས་སྐབས་ཁྲེན་ཅུན་གྱིས་གཞི་རིམ་ལས་བྱེད་པ་དང་བཞུགས་མོལ་གནང་སྟེ་ཁྲེན་ཅུན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཐོག་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་ལས་དར་རྒྱས་དང་། མི་སྡོད་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་ལྟར་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་གསུང་པ་རེད།

ཁྲེན་ཅུན་གྱིས་གཅིག་ནི་འཆར་འགོད་སྔོན་ལ་ལག་བསྟར་བྱ་རྒྱུ་དང་། གོ་རིམ་དབྱེ་ནས་ལག་བསྟར་བྱ་རྒྱུ། གང་ཐུབ་ཅི་ཐུབ་བྱ་རྒྱུ།

གཉིས་ནི་ཡུལ་བབ་དང་བསྟུན་པ་དང་། ཐོན་ཁུངས་ཀྱི་བཟང་ཆར་བརྟེན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དངོས་དང་ཟུང་འབྲེལ་བྱས་ནས་ལུགས་མཐུན་ངང་ཕྱུག་འགྱུར་ཐོན་ལས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ས་རྒོད་བེད་སྤྱོད་གང་ལེགས་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་ཚན་པར་བྱས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་གཏོང་བ་བཅས་བྱས་ནས་ཐོན་ལས་ལ་ཕན་འབྲས་ཐོན་པ་བྱེད་དགོས།

གསུམ་ནས་ལས་ཞུགས་བྱེད་རྒྱུ་དེ་བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ངལ་ལས་འབྲེལ་མཐུད་ཀྱི་རྩལ་ནུས་སྦྱོང་བརྡར་འགན་འཁྲི་དོན་འཁྱོལ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ཐུབ་པ་བྱེད་པ། ཆབ་སྲིད་ཀྱི་བྱ་ཐབས་ཁག་རྒྱུན་མཐུད་ངང་ངལ་རྩོལ་ཕྱིར་གཏོང་རྩ་འཛུགས་ཅན་དུ་འགྱུར་བ་བྱེད་པ། གཞི་ཁྱོན་ཅན་གྱི་ཆུ་ཚད་ཐོག་ནས་ཕྱུག་འགྱུར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

བཞི་ནས་སྤྱི་ཡོངས་ནས་ཇུས་འགོད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ་རྫོང་རིམ་སྨན་ཁང་གིས་སྣེ་ཁྲིད་བྱེད་པ་དང་། ཤང་གྲོང་སྨན་ཁང་གིས་ལྟེ་བ་བྱེད་པ་བཅས་ཀྱི་ཞིང་འབྲོག་ཁུལ་གྱི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས།