ཆབ་མདོ་གྲོང་ཁྱེར་གྱི་གད་སྙིགས་དབོར་འདྲེན་རླངས་འཁོར་གསར་པ་ཆིག་སྟོང་ལྷག་ཙམ་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020-06-16 11:45:00】

      འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་12ཉིན་གྱི་སྔ་དྲོར་“དགུང་སྔོན་ས་གཙང་སྲུང་སྐྱོང་བྱེད། མཛེས་པའི་ཆབ་མདོ་འཛུགས་སྐྲུན་བྱེད།”ཅེས་པའི་ཆབ་མདོ་གྲོང་ཁྱེར་གྱི་གད་སྙིགས་དབོར་འདྲེན་རླངས་འཁོར་གསར་པ་ཆིག་སྟོང་ལྷག་ཙམ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཐུགས་གྲ་ལེགས་འགྲིག་སྒོ་ནས་མཇུག་སྒྲིག་བ་རེད། དུས་དེ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱི་གད་སྙིགས་དབོར་འདྲེན་རླངས་འཁོར་གསར་པ་ཆིག་སྟོང་ལྷག་ཙམ་གཅིག་མཇུག་གཉིས་མཐུད་ངང་སྤྱོད་འགོ་ཚུགས་ཏེ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11གི་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས། གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་གཏོང་བ་དང་གྲོང་མིའི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

      འདི་ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་ཟམ་མི་ཆེད་པར་གྲོང་ཁྱེར་གྱི་འཚོ་བའི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་ནོར་སྲིད་ཅུས་ཀྱིས་ཆེད་སྤྱོད་མི་དངུལ་བཏང་ནས་གད་སྙིགས་དབོར་འདྲེན་རླངས་འཁོར་རྙིང་པ་ཁག་གཅིག་བརྗེས་ཡོད་པ་མ་ཟད། འཇོ་མདའ་རྫོང་གི་གད་སྙིགས་རླངས་འཁོར་གསར་པ་100ལྷག་ཙམ་སྤྱོད་འགོ་ཚུགས་པ་རེད། ད་ཐེངས་ཀྱི་ཉོ་སྒྲུབ་བྱེད་པའི་གད་སྙིགས་དབོར་འདྲེན་རླངས་འཁོར་ཆིག་སྟོང་ལྷག་ཙམ་དེར་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་སྒོར་དུང་ཕྱུར་གཅིག་དང་ཁྲི་དྲུག་སྟོང་ལྷམ་ཙམ་སྟོང་ནས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོངས་བསྒྲགས་ངང་འོས་སྐུལ་བརྒྱབ་སྟེ་གད་སྙིགས་གཙང་སེལ་དབོར་འདྲེན་རླངས་འཁོར་1194ཉོས་སྒྲུབ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི་ས་བབ་མཐོ་བ་དང་། གཞུང་ལམ་རྙོག་འཛིང་ཆེ་བ། ས་རྒྱ་ཆེ་ལ་མི་འབོར་ཉུང་བ་སོགས་ཀྱི་ཁྱད་ཆོས་དང་འཚམ་པ་བྱ་ཆེད། ད་ཐེངས་བེད་སྤྱོད་བཏང་བའི་རླངས་འཁོར་གྱི་རིགས་ལ་གཟེར་འདེགས་སྦྲེལ་སྒྲོམ་དང་ལྕགས་གུག་དཔུང་པས་ཇུས་འགོད་བྱས་པ་དང་། མདའ་ཐག་ཐུང་ལ་གང་ལ་གང་འཚམ་ཡིན་པ་མ་ཟད། གད་སྙིགས་བསྡུ་རུབ་དང་དབོར་འདྲེན་ལྷུ་ཚིགས་ཀྱི་འཛེར་སྒྲ་ཆུང་བ། སྣུམ་འགྲོ་ཆུང་བ། དུས་མཚུངས་རླངས་འཁོར་ལ་གཞི་གཅིག་ཅན་གྱི་ཇུས་འགོད་བྱེད་པ་དང་། འདེགས་སྐྱོར་རང་བཞིན་བཟང་ལ་སྐོར་སྤྱོད་བདེ་བ་བཅས་ཀྱི་ནུས་པ་ལྡན་པས་ཁོར་ཡུག་འཕྲོད་བསྟེན་བཟོ་པའི་ངལ་རྩོལ་ལྕི་ཚད་དམའ་རུ་བཏང་ཡོད་པ་རེད།