ཆབ་མདོ་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020-06-19 11:35:00】

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་ཟླ་བ་བཅུ་དགུ་པ་ཡིན་ཞིང་། ཚེས་16ཉིན་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་དང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་མིའི་ཚན་པ་30དང་དེ་བཞིན་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཁེ་ལས་8སྒྲིག་འཛུགས་བྱས་ཏེ་ཇ་རྟའི་ཐང་ཆེན་དུ་“ལས་འཛོལ་གྱི་མི་མངོན་པའི་རྐྱེན་ངན་གཙང་སེལ་བྱས་ནས་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།”ཞེས་པའི་བརྗོད་དོན་གཙོ་བོའི་བདེ་འཇགས་བྱེད་སྒོ་སྤེལ་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་དབྱང་ཧའོ་དང་གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཝུན་ཧྲེང་སྔ་རྗེས་སུ་ལྟ་སྦྱོང་མཛུབ་ཁྲིད་ལ་ཕེབས་ཡོད་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་ཀྱི་དཔྱད་གཞི་ཡིག་ཆ་12000ལྷག་ཙམ་སྤྲད་པ་དང་། དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་280ལྷག་ཙམ་བཀལ་བ། དྲིལ་བསྒྲགས་ཀྱི་འགྲེམས་པང་ངམ་ཡང་ན་ཆེད་སྒྲིག་ལེ་ཚན་140ལྷག་ཙམ་བཟོས་པ། ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་3200ཁྱབ་སྤེལ་བྱེད་ཡོད། སྨྱན་སྦྱོར་ཚན་པ་དང་ཐང་ཆེན་གྱི་བརྙན་ཤེལ་ཆེ་མོར་དྲིལ་བསྒྲགས་སློབ་གསོའི་པར་གཞི་ཐེངས་760བསྟན་པ། སློབ་གསོ་ཐོབ་མཁན་མི་ཐེངས་8000ཟིན་ཡོད་པ་རེད།