མཛེས་པའི་གཡས་རུ་བསྐོར་ནས་ནི། ལུས་སེམས་བདེ་ཐང་ཡོང་བར་བྱེད།

-རི་བོ་ཆེ་རྫོང་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020-06-26 11:40:00】

      འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་25ཉིན་གྱི་ཕྱི་དྲོར་རི་བོ་ཆེ་རྫོང་མི་དམངས་སྲིད་གཞུང་དང་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུད། ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་གཙོ་གཉེར་བྱས་པའི“མཛེས་པའི་གཡས་རུ་བསྐོར་ནས་ནི། ལུས་སེམས་བདེ་ཐང་ཡོང་བར་བྱེད། ”ཞེས་པའི་བྱེད་སྒོ་དེ་རི་བོ་རྫོང་གི་གཡས་རུའི་ལུང་པར་སྤེལ།

སྔ་དྲོ་ཆུ་ཚོད་11ཐོག་ལུས་རྩལ་པ་ཚང་མ་རྐང་ཐང་དུ་བསྐྱོད་པའི་འགྲན་སྡུར་མགོ་བརྩམས་པ་དང་ཐེངས་འདིའི་ལམ་ཐག་སྤྱི་ལེ་བཞི་ལྷག་ཙམ་ཡོད་པ་རེད།མཐར་ཀརྨ་བཀྲ་ཤིས་ཀྱིས་སྐར་མ་53ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་རེད།

ཤེས་རྟོགས་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནང་ཞུགས་མཁན་མི་ཉིས་བརྒྱ་ལྷག་ཡོད་པ་དང་ཁྱོན་མ་དངུལ་སྒོར་ཁྲི་23ལྷག་ཙམ་བཏང་བའི་རྐང་ཐང་མར་བསྐྱོད་མཁན་བདམས་ཐོན་པ་89ལ་སྒོར་12000རི་བའི་ཞིང་ལས་ཐོན་རྫས་ཀྱི་ཉོ་སྒྲུབ་པ་སེ་སྤྲོད་ཡོད།པར་འདི་ནི་ལུས་རྩལ་པ་རྣམས་འགྲན་སྡུར་ནང་ཞུགས་ཀྱིན་པའི་རྣམ་པ་ཡིན་པ།