ཏང་དར་ལ་བཀྲག་མདངས་བསྩལ་ནས་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བར་བྱེད།

གསར་འགྱུར་སྤེལ་དུས།  【2020-06-30 10:50:00】

ཁམས་གཞས《གནའ་ལམ་གྱི་ཉམས་འགྱུར》

སྐྱེས་པའི་མཉམ་བྲོ《འབྲོག་པའི་བླ་སྲོག》

《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་གར་སྟེགས་ཀྱི་རྒྱབ་ལྗོངས་ཡིན་པ།

      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།  རོལ་མོའི་འགྱུར་ཁུགས་སྙན། བྲོ་ཡི་སྟངས་སྟབས་མཛེས། གཞས་དབྱངས་སྙན་མོ་དང་གར་གྱི་ལྡེམ་མྱུར་ལས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ༧༠རིང་གི་འཕོ་འགྱུར་ཆེ་མོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་མངོན་ཡོད།

བྲག་གཡབ་རྫོང་དཔལ་འབྱོར་དགོན་གྱི་བཙུན་མ་འཇམ་དབྱངས་སྒྲོལ་མས་བླངས་པའི་གླུ་གཞས《གླུ་གཞས་སྙན་མོ་རླབས་ཆེན་གཙོ་འཛིན་འབུལ》ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་། འགྱུར་ཁུགས་དང་ལྡན་པའི་དབྱངས་སྙན་ལས་ད་ལྟའི་དགོན་སྡེ་དང་གྲྭ་བཙུན་ལ་བྱུང་བའི་འཕོ་འགྱུར་གླེང་ཞིང་། ཏང་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་ངག་ལ་བཀུགས་ཡོད།