《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན།

《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད》སྤེལ་བ།

གསར་འགྱུར་སྤེལ་དུས།  【2020-07-03 10:00:00】

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་1ཉིན། དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་13པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད》སྤེལ་བ་རེད།

གསུང་རྩོམ་ནང་ནན་བཤད་གནང་དོན། ལོ་བརྒྱ་སོང་བའི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་རླབས་ཆེན་བྱ་གཞག་གཏོད་པར། ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་གཙང་སེལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ལུས་ཕུང་ཐོག་སྐྱེས་པའི་འབྲས་སྐྲན་ཡོད་ཚད་གཙང་གཅོད་མཐའ་གཅིག་ཏུ་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་རྒྱབ་འགལ་བྱེད་པ་དང་ཏང་གི་རྩ་བར་གཡོ་འགུལ་ཐེབས་ཉེན་ཐམས་ཅད་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས།

གསུང་རྩོམ་ནང་བསྟན་དོན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ནི་དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཤིག་ཡིན་པས་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། ཆབ་སྲིད་ཐད་མཐུན་སྒྲིལ། བྱ་སྤྱོད་ཐད་གཅིག་མཐུན་བཅས་ཡོང་བར་སྐུལ་འདེད་བཏང་བ་མ་ཟད། ད་དུང་རང་རེའི་ཏང་གིས“རླབས་ཆེན་བཞིར”གཅིག་འདོམས་བྱེད་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་བསམ་བློ་དང་། ཆབ་སྲིད། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ངོས་ནས་སྐུལ་སློང་ནུས་ལྡན་ཡང་བྱས་ཡོད་པས་དོན་དངོས་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཟབ་མོ་ལྡན་ཡོད