གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020-07-03 10:10:00】

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་གི་འཁྲུངས་སྐར99ཡིན། ཉིན་དེའི་སྔ་དྲོ་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་ལྟེ་བའི་ཚོགས་ཆུང་གི་ཁོངས་མིས་ཏང་ཡོན་དཀྱུས་མ་ཞིག་གི་ཐོག་ནས་དངོས་བཤུས་གློག་བརྙན《ཐོག་མའི་བསམ་འདུན་དང་འགན་འཁྲི་དཔང་པོར་བྱེད་པའི་བསྟན་བཅོས་བཅུ་གཅིག》ཞེས་པར་མཉམ་སྡེབ་ངང་གཟིགས་ཏེ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ཁྲེན་ཅུན་ཕེབས་པ་མ་ཟད་ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རིན་ཐང་བྲལ་བའི་སྙིང་སྟོབས་མུ་མཐུད་རྒྱུད་འཛིན་གཏོང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆངས་ཏེ་“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུད་འཛིན་དང་དར་སྤེལ་གཏོང་བ། གསར་འབྱེད་ཡར་བརྩོན་དང་། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཆབ་མདོ་འདི་ཉིད་དུས་རབས་གསར་པའི་ནང་འོད་སྟོང་ལྡན་པའི་གྲུབ་འབྲས་གཏོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།

ཁྲེན་ཅུན་གྱིས་ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་སྒྲེང་ས་དང་པོ་དེ་ཡིན་ལ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”གསོ་སྐྱོང་བྱེད་ས་གལ་ཆེན་ཞིག་ཡིན་པས་ཁྲག་རྒྱུན་ནང་གསར་བརྗེའི་རྒྱུད་རྒྱུ་ཐིམ་ཡོད་ཞེས་བསྟན།

ཁྲེན་ཅུན་གྱིས་མིག་སྔར་དབུལ་སྒྲོལ་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ཐག་གཅོད་པའི་དུས་སྐབས་སུ་གནས་པ་དང་། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བའི་ཉིན་མོ་སླེབས་ལ་ཉེ་བས་ལས་དོན་མང་ཞིང་། འོས་འགན་ལྕི་བ་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རིན་ཐང་བྲལ་བའི་སྙིང་སྟོབས་མུ་མཐུད་རྒྱུད་འཛིན་གཏོང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆངས་ཏེ་ལྗོངས་ཏང་ཨུད་ཀྱིས་གཏན་འབེབས་གནང་བའི“ལས་འགན་གཙོ་བོ་གསུམ”གྱི་མཐའ་འཁོར་དུ་རྐྱེན་མ་བྱུང་གོང་ལ་ཟློག་པ་རྒྱག་རྒྱུ་རྩ་དོན་དུ་བྱས་ནས་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་སྔོན་འགོག་བྱ་རྒྱུ་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། མཐའ་ཚད་ཀྱི་བསམ་བློ་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་ཆེན་པོ་འདུ་ཤེས་ཤུགས་སྣོན་རྒྱག་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བརྟན་ལྷིང་སྲུང་སྐྱོབ་དང་། ལས་ཞུགས། བདེ་འཇགས་ཐོན་སྐྱེད། དགོན་སྡེའི་དོ་དམ་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་། ཆབ་མདོ་རྒྱུན་བསྲིང་དང་། ཡུན་རིང་། ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བའི་རྣམ་པ་བཟང་པོ་སྲ་བརྟན་དང་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གསུང་གནང་ཡོད།