ཐུགས་ཁུར་ཟབ། མི་སེམས་དྲོ།

—ངེད་གྲོང་ཁྱེར་གྱིས་ཏང་གི་འཁྲུངས་སྐར་ལ་བྱེད་སྒོ་རབ་རིམ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020-07-03 10:10:00】

      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ངེད་གྲོང་ཁྱེར་གྱི་ཚན་པ་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ99འཁོར་བར་རྟེན་འབྲེལ་ཞུ་ཆེད་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཡོད།

ཚེས1ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ཁྲེན་ཅུན་གྱིས་ཏང་ཡོན་རྒན་གྲས་ཚེ་བརྟན་བཀྲ་ཤིས་དང་། ཀྲའོ་ཅན་གུའེ། སྒྲོལ་ལྷ་བཅས་ལ་འཚམས་འདྲི་གནང་བ་མ་ཟད། གྲོང་ཨུད་དང་། དམངས་འཐུས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁོ་ཚོར་དུས་ཆེན་སྨོན་འདུན་དང་བྱམས་བརྩེའི་འཚམས་འདྲི་ཞུས་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལའོ་ཁྲོན་ཅུན་གྱིས་ལྷན་དུ་འཚམས་འདྲི་ཞུས་ཡོད།

ཚེས1ཉིན་གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དཀོན་མཆོག་རྒྱལ་མཚན་གྱིས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཏང་ཡོན་རྒན་གྲས་པད་མ་དབང་འདུས་དང་། ཀུན་དགའ་ཚེ་རིང་ལ་འཚམས་འདྲི་གནང་བ་མ་ཟད་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཡོད། ཟླ6ཚེས30ཉིན་གྱི་སྔ་དྲོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས“ལོ་ངོ་གོ་དགུ་ཆར་རླུང་དང་འགྲོགས། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཞེས་པའི་གཏམ་བཤད་འགྲན་སྡུར་སྤེལ་བ་དང་། འགྲན་ཞུགས་པ་ཚོས་རང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་སླ་ཞིང་ཡིད་འགུགས་པའི་ཚོར་བའི་ཐོག་ནས་ཏང་དང་། མེས་རྒྱལ། མི་དམངས་བཅས་ཀྱི་སྨོན་འདུན་མཚོན་པར་བྱས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་མའེ་ཧྥང་ཆོན་བྱེད་སྒོར་ཞུགས་ཡོད།

ཚེས1ཉིན་གྱི་སྔ་དྲོ་ཆབ་མདོ་གྲོང་ཁྱེར་གྱིས་བཅིངས་འགྲོལ་ཐང་ཆེན་དུ་2019ལོའི་ཚུན་གྱི་གྲོང་ཁྱེར་ཡོངས་ཀྱི་ཐད་གཏོགས་ལས་ཁུངས་དང་བོད་ལྗོངས་དམག་ཁུལ་ཆབ་སྡོད་དམག་དཔུང་གི་ཏང་ཡོན་གསར་པ130ཏང་ཞུགས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་ཡོད། ཚེས1ཉིན་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་ཁུངས་ཏང་ཀྲི་པུའུ་ཡིས“ཐོག་མའི་བསམ་འདུན་སྲུང་ཏེ་ལང་ཚོ་མ་ལྷོད་བྱེད། འགན་འཁྲི་འཁུར་ནས་མཚར་སྡུག་ལམ་དུ་ཞུགས”ཞེས་པ་བརྗོད་དོན་གཙོ་བོའི་ཏང་གི་འཁྲུངས་སྐར་ལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ཟླ6ཚེས30ཉིན་གྱི་ཕྱི་དྲོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་བདུན་གཅིག་བསུ་བའི་གཏམ་བཤད་འགྲན་སྡུར་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ99འཁོར་བར་དྲན་གསོ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པའི་རང་འཁྲིའི་ལས་གནས་སུ་བྱ་གཞག་གསར་གཏོད་བྱེད་པའི་སྤྲོ་སེམས་སྔར་བས་སྐུལ་སྤེལ་གཏོང་ཆེད་ཡིན།