ཁྲེན་ཅུན་གྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020-07-14 10:40:00】

      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས13ཉིན་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གཙོ་གནད་ལས་དོན་སྤེལ་ཚུལ་ལ་གསན་པ། འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་པ་མ་ཟད་ཐེངས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ཧྲེ་ཀྲང་ཁྲེན་ཅུན་གྱིས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་ཀྲུའུ་ཞི་ཝང་དབྱང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་བླང་བྱ་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཟླ7ཚེས10ཉིན་འཚོགས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་ཐོག་གི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ལི་ཁེ་ཆང་གིས་ནགས་ཚལ་དང་རྩྭ་ཐང་མེ་གསོད་སྔོན་འགོག་ལས་དོན་ཐད་བཏོན་པའི་མཆན་བཀོད་གལ་ཆེན་དགོངས་དོན་དང་། ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གནས་གཞི་གྲོང་ཚོའི་ཉེ་འདབས་ཀྱི་རི་ལ་མེ་ཤོར་བའི་ཐད་གནང་བའི་མཛུབ་སྟོན་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།