བཟོ་ལས་ཐོན་རྫས་གཤམ་སྐྱེལ་དང་། ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འདྲེན།

ཆབ་མདོ་གྲོང་ཁྱེར་གྱིས་གོ་རིམ་ལྡན་པའི་ངང་དྲ་ཐོག་ཚོང་དོན་ གྲོང་གསེབ་ཏུ་སྤེལ་བའི་ལས་དོན་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020-07-14 10:50:00】

    འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྨར་ཁང་དང་། དཔའ་ཤོད། དཔལ་འབར་རྫོང་གསུམ་གྱིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་འཇོག་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་འཛད་སྤྱོད་ཁྲོམ་ར་བཏོད་དེ་ཁམས་པའི་ཞིང་ཕྱུག་ཐོན་རྫས་དྲ་འབྲེལ་ཚོང་གཉེར་ཁ་ཕྱོགས་གཙོ་བོར་བྱས་ནས་དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

སྨར་ཁམས་རྫོང་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་དེའི་ནང་བཅུག་པ་དང་འབྲེལ་སྨར་ཁམས་རྫོང་ཞིང་འབྲེལ་ཁེ་ལས་31དང་ལག་ཤེས་བཟོ་རྩལ་ཁེ་ལས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་19ཡི་ཞིང་ལས་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་80ཙམ་བསྡུ་རུབ་དང་འགྲེམས་ཚོང་བྱས་པ་རེད། མིག་སྔའི་བར་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱིས་རིགས་ཁག་གི་གསོ་སྦྱོང་ཁྱོན་ཐེངས་44བྱས་ནས་རིམ་རྩིས་བྱས་ན་མི་ཐེངས་1682ལ་གསོ་སྦྱོང་བྱས་པ་རེད།

དཔའ་ཤོད་རྫོང་དུ་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་38བསྐྲུན་ནས་རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་35%ལ་ཁྱབ་འགྱེད་ཐོབ་པ་དང་། ཞབས་ཞུའི་ནང་དོན་ནང་མང་ཚོགས་ལ་ཚབ་ཚོང་དང་ཟོག་འགྲེམས་སྡེབ་སྐྱེལ་སོགས་ཚུད་ཡོད་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བྱུང་ནས་ཁུངས་འདེད་མ་ལག་བསྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་ཀྱང་བཏང་ཡོད་པ་རེད། མིག་སྔའི་བར་ཤང་གྲོང་དང་གྲོང་ཚོ་ཚན་པ་བྱས་ཏེ་དྲ་ཐོག་ཏུ་བཙོངས་པའི་རི་སྐྱེས་རླམ་རྩྭ་ཕོ་སུལ་དང་རི་སྐྱེས་ཤ་མོ་སོགས་སྤུས་རྟགས་10ཡོད་པ་རེད། དེ་དང་ཆབས་ཅིག་དྲ་ཐོག་ཚོང་དོན་+ཡུལ་སྐོར་མ་ལག་འཚོལ་ཞིབ་ཧུར་ཐག་བྱས་ནས་གསར་སྤེལ་མིང་ལ་དཔའ་ཤོད་དྲ་ཐོག་ཚོང་དོན་APPགསར་བཟོ་བྱས་པ་དང་། དེའི་ནང་དོན་གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་ས་ཚིགས་དང་ཟོག་འདྲེན་ས་ཚིགས་ཚུད་པ། དཔའ་ཤོད་རྫོང་གི་ས་གནས་དེ་གའི་ཡུལ་སྐོར་བཟའ་བཏུང་བློ་འདྲི་སོགས་ཚུད་ཡོད་པས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་དུས་ཐོག་ཏུ་དྲ་ཐོག་ཉོ་ཚོང་བྱེད་ཐུབ་ཀྱི་ཡོད་པ་རེད།

དཔལ་འབར་རྫོང་གིས་གྲོང་རྡལ་དང་གྲོང་ཚོ་རིམ་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་51བསྐྲུན་པས་ཞབས་ཞུའི་ས་ཚིགས་ཀྱི་འགན་འཁྲི་མཁན་གྱིས་དངོས་སྦྱོང་སྦྱོང་བརྡར་ནང་ཧུར་ཐག་ཞུགས་ནས་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་ལས་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་ཡོད། མིག་སྔར་གྲོང་ཚོ་20ལྷག་ཙམ་ལ་འཚོ་བའི་མཁོ་ཆས་སྣ་ཚོགས་སྡེབ་སྐྱེལ་བྱས་པར་ཁྱོན་སྒོར་ཁྲི་22ལྷག་ཙམ་ཟིན་པ་དང་། དྲ་ཐོག་ཏུ་སྙི་བ་དང་ཤ་མོ་སོགས་ཐོན་རྫས་ཁྱོན་སྒོར་ཁྲི་136བཙོང་ཡོད་པ་རེད།

དྲ་ཐོག་སྤོས་དང་སྙི་བ་སོགས་ཀྱི་ཐོན་རྫས་ཕྱིར་ཚོང་བྱས་པར་ཁྱོན་སྒོར་ཁྲི་607ལྷག་ཙམ་ཟིན་ཞིང་། མིག་སྔར་རྫོང་ཁོངས་ཀྱི་ལས་བྱེད་མི་ཐེངས་38ལ་དྲ་ཐོག་ཚོང་དོན་གསོ་སྦྱོང་བྱས་པ་དང་། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་བཏང་བའི་ཤེས་བྱ་ཁྱབ་གདལ་བཏང་བའི་མི་ཐེངས་841ལ་གསོ་སྦྱོང་བྱས་པ། དྲ་ཐོག་ཚོང་དོན་དངོས་སུ་སྦྱོང་བརྡར་མི་ཐེངས་216བྱས་པ།

ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་སྨར་ཁང་དང་། དཔའ་ཤོད། དཔལ་འབར་བཅས་དཔེ་སྟོན་རྫོང་གསུམ་གཙོ་གནད་དུ་བྱས་ནས་གྲོང་གསེབ་ཀྱི་དྲག་ཐོག་ཚོང་དོན་དེ་བཟོ་ལས་ཐོན་རྫས་གཤམ་སྐྱེལ་དང་། ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འདྲེན་རྒྱུ་འཁོར་རྒྱུག་དྲ་རྒྱའི་ཁྲོད་ཀྱི་ཉེར་སྤྱོད། མིག་སྔར་ཆབ་མདོ་གྲོང་ཁྱེར་དུ་རྫོང་ཁོངས་ཀྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་3དང་། O2Oའགྲེམས་ཚོང་ལྟེ་གནས་5དང་རྫོང་ཁོངས་ཀྱི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་2དང་། ཤང་དང་གྲོང་རྡལ་གྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་24གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ས་ཚིགས་116བཅས་ཡོད་པ་རེད།