ཁྲེན་ཅུན་གྱིས་འབྲུབ་འགོག་གེགས་སེལ་ལས་དོན་ལ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020-07-17 10:50:00】

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་ཆབ་མདོ་གྲོང་ཁྱེར་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་བརྟག་ཞིབ་གནང་ཞིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་བཙུགས་ནས་བསམ་བློའི་རྩ་བ་བརྟན་དུ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ། མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ། འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལེའོ་ཁྲོན་ཅིན་དང་། ཧྲི་ཀྲང་གཞོན་པ་ཀའོ་ཞུའེ་ཝུན་དང་། ཀྲའོ་མིང་མཉམ་དུ་བརྟག་ཞིབ་དང་གཟིགས་ཞིབ་གནང་བ་རེད།

ཁྲེན་ཅུན་དང་བཅས་པས་འབྲུབ་འགོག་གྲ་སྒྲིག་གི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་དང་། འཕྲལ་སྡོམ་ཉེན་སེལ། རོགས་སྐྱོབ་གྲ་སྒྲིག་སོགས་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་མིག་སྔའི་འབྲུབ་འགོག་དུས་བབ་ལ་ཞིབ་འཇུག་དང་དབྱེ་ཞིབ་གནང་བ་མ་ཟད། གྲོང་ཁྱེར་དེ་ཡོངས་ཀྱི་འབྲུབ་འགོག་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

)ཁྲེན་ཅུན་གྱིས་འབྲུབ་འགོག་གེགས་སེལ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་དེ་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་རྣམ་བཤད་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། བསམ་བློའི་རྒྱུད་དམ་འཛིན། བསམ་བློའི་འབྲུབ་ཆུ་སྔོན་འགོག བག་མེད་ལྷོད་གཡེང་བྱེད་རིགས་གཏན་འགོགཞོད་ཟོན་གེགས་སེལ་གྱི་ལས་དོན་གྲ་སྒྲིག་གང་ལེགས་བཅས་བྱས་ཏེ་བསམ་བློའི་ངོས་འཛིན་གནད་ལ་འཁེལ་བ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། ལས་ཀའི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།

ཁྲེན་ཅུན་གྱིས་ཆ་འཕྲིན་སྙན་ཞུའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཆུར་སྒྲོལ་བ་དང་། ཉེན་ཁ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་གྱི་བརྒྱ་ཆ་བརྒྱ་ཤར་བགྲོད་ཐུབ་པ་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་གནད་སྨིན་སྲིད་ཇུས་ལག་ལེན་བསྟར་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ།

ཞོད་ཟོན་ཐན་འགོག་གི་འགན་འཁྲི་ཁྱོན་ཡོངས་ནས་ཏན་ཏིག་གིས་འཁུར་བ། འགན་འཁུར་ཕོད་པ། མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ། ཕན་ནུས་ཆེ་ཞིང་གཅིག་གྱུར་ཡིན་པའི་བཀོད་འདོམས་མ་ལག་འཛུགས་པ་བཅས་བྱས་ཏེ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། བབ་བསྟུན་ཐག་གཅོད། རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱེད་པ། གནོད་སྐྱོན་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་ཁག་ལེགས་སྒྲུབ་ཏན་ཏིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལའོ་ཁྲོན་ཅུན་དང་། ཧྲེ་ཀྲང་གཞོན་པ་ཀའོ་ཞུའོ་ཝུན་དང་ཀྲའོ་མིན་བཅས་ལྷན་དུ་བརྟག་ཞི་བ་དང་ལྟ་ཞིབ་གནང་ཡོད་པ་རེད།