འབྱུང་ཁམས་སྲུང་སྐྱོང་ནན་ཤོས་ཀྱིས་འབྱུང་ཁམས་ཀྱི་རྣམ་པ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2022-05-03 09:00:00】

ཉེ་བའི་ལོ་ཤས་རིང་ལྷོ་རོང་རྫོང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པ་དང་རི་ཀླུང་གངས་འཁྱག་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ་ལྷོ་རོང་གི་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

ཟླ་3ཚེས་19ཉིན་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཡུལ་བཞི་ཤང་གི་ནགས་སྲུང་བ་བློ་བཟང་རབ་བརྟན་གྱིས་ཡུས་བཞི་ཤང་དང་དཔེ་གདགས་ཤང་འབྲེལ་མཚམས་སུ་སྐོར་ཞིབ་བྱེད་དུས་བར་ཐག་ཉེ་སར་བདག་ཏུ་མ་བཟུང་བའི་གསའ་གཉིས་པར་ལེན་ཐུབ་པ་རེད།

ཉེ་བའི་ལོ་ཤས་རིང་ལྷོ་རོང་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་གི་བྱ་ཐབས་ནན་ཤོས་ལག་ལེན་བསྟར་ནས་གཟིག་དང་གསའ་སོགས་རྩ་ཆེ་ལ་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཡང་ཡང་ཐོན་པ་དེ་ནི་ས་ཁོངས་དེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསྐྱར་གསོ་རང་བཞིན་ལྡན་པའི་འཕར་སྣོན་ཡོང་བའི་དཔང་རྟགས་མངོན་འགྱུར་བྱུང་བ་ཞིག་རེད།

ཡུས་བཞི་ཤང་ནི་ལྷོ་རོང་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་པ་དང་ཕྱོགས་བཞི་རི་བོ་མཐོན་པོས་མཐའ་བསྐོར་བ་དང་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་4100ལྡན། དེ་ནི་ས་མཐོའི་ཕྱེད་སྐམ་ཤས་ཆེ་བའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པས། འོད་འཕྲོ་ཚད་འདང་ངེས་དང་། མཁའ་རླུང་ཉུང་བ། འདི་གར་རང་རྒྱལ་ལ་དམིགས་བསལ་དུ་ཡོད་པའི་རྩ་ཆེན་འདབ་ཆགས་བྱ་དཀར་འཚོ་བསྡོད་བྱེད་བཞིན་ཡོད།

ཉིན་ལྟར་ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀར་ནགས་སྲུང་བ་ཚེ་རིང་དབང་འདུས་ཀྱིས་འབོད་སྒྲ་ཐོས་རྗེས་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་བྱ་རིགས་ཁྱུ་དང་བྱ་དཀར་ཁྱུ་བྱས་ནས་དུས་ཐོག་ཏུ་ཡུས་བཞི་ཤང་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཉེ་འཁོར་གྱི་ས་སྟོང་དུ་འཕུར་ཡོང་གི་ཡོད། སྐབས་དེ་དུས་ཚེ་རིང་དབང་འདུས་ཀྱིས་ནས་འཁྱེར་ནས་ཁོང་ཚོའི་ཉེ་སར་གཏོར་སྦྱིན་གྱི་ཡོད།

2015ལོ་ནས་བཟུང་ཚེ་རིང་དབང་འདུས་ཀྱིས་ཉིན་ལྟར་འདི་ལྟ་བུའི“གཏན་འཁེལ་བྱ་སྤྱོད”ལེགས་སྒྲུབ་བྱེད་ཀྱི་ཡོད། བྱ་དཀར་ཕུད་ཉིན་ལྟར་ཕྱི་དྲོའི་ཆུ་ཚོད་ལྔ་པ་དང་དྲུག་པར་རྒྱལ་ཁབ་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གནའ་བ་ཡང་རི་ལྡེབས་ནས་བབས་ཏེ་འདི་གར་ལྟོ་འཚོལ་ཆུ་འཐུང་དུ་ཡོང་གི་ཡོད།

“ང་ལོ་20ལྷག་ནགས་སྲུང་བས་ལས་དོན་སྒྲུབ་པ་ཡིན། སྐོར་ཞིབ་བརྒྱུད་རིམ་ནང་གནའ་བ་དང་བྱ་དཀར་སོགས་རྨས་སྐྱོན་ཕོག་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྟག་ཏུ་འཕྲད་ཀྱི་འདུག ན་ནིང་ངས་རྨས་སྐྱོན་ཕོག་པའི་གནའ་བ་བཞི་དང་བྱ་དཀར་གཅིག་སྐྱོབ་བཅོས་བྱས་པ་དེ་དག་སླར་གསོ་བྱུང་ནས་ནགས་སུ་གློད་སྐབས་ང་དགའ་པོ་བྱུང་ལ་གྲུབ་འབྲས་ཀྱང་ཐོབ་སོང”ཞེས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཡུལ་བཞི་ཤང་སྤྱི་ཕན་ནགས་ཚལ་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཚེ་རིང་དབང་འདུས་ཀྱིས་གསར་འགོད་པར་བརྗོད།

ཞོགས་པ་སྔ་པོ་ནས་རྫི་ཐོ་གྲོང་རྡལ་གྱི་སྤྱི་ཕན་ནགས་ཚལ་ཆེད་ལས་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་བློ་བཟང་ཆོས་ལྡན་འདམ་རའི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་སླེབས་ཤིང་། མིག་སྔར་འདི་གར་ལྟ་ཞིབ་ཚད་ལེན་པ་35ཡོད་པ་དང་ཆེད་མངགས་འདམ་རའི་སྤྱི་གླིང་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་750བཏང་ནས་སྒྲོལ་མ་ལྷ་མཚོའི་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་གི་འདམ་ར་སྲུང་སྐྱོང་དང་སླར་གསོ་རྣམ་གྲངས་ལག་ལེན་བསྟར་ཏེ་ཞན་འགྱུར་འདམ་ར་སླར་གསོ་སྤྱི་ཆིང་32བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་5བསྐྲུན་པ། འདམ་རའི་སྤྱི་གླིང་གི་ས་མཚམས་རྡོ་རིང་6བཙུགས་པ། གད་སྙིགས་བླུགས་སྒམ་11བཀོད་སྒྲིག་བྱས་པ། ས་མཚམས་འབྱེད་རྟགས་45བཙུགས་པ། འདམ་རའི་ལྟ་ཞིབ་ས་ཚིགས་189.9བསྐྲུན་པ། འདམ་རའི་སྤྱི་གླིང་གི་གདོད་མའི་སྣོད་བཅུད་དང་སྲུང་སྐྱོང་དོ་དམ་ནུས་པ་ལེགས་སུ་ཏན་ཏིག་བཏང་བ་བཅས་བྱེད་ཡོད། བློ་བཟང་ཆོས་བསྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ལྟར་དེ་གའི་འདམ་རའི་ལྟ་ཞིབ་ཚད་ལེན་པར་ཚོགས་ཆུང་གཉིས་སུ་དབྱེ་ནས་ཆུ་ཚོད་དྲུག་བདུན་ཙམ་འགོར་བ་དང་གཞི་ནས་སྤྱི་གླིང་དུ་གཟའ་འཁོར་གཅིག་རིང་སྐོར་ཞིབ་བྱེད་པའི་ལས་དོན་ལེགས་གྲུབ་ཐུབ་ཀྱི་ཡོད་པ་རེད།

ལོ་ལྟར་གྱི་ཟླ་4པ་ནི་ལྷོ་རོང་རྫོང་རྔུལ་ཤོད་ཤང་གི་རི་སྐྱེས་ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་ཤིག་ཡིན་པ་དང་། ཡང་གཅིག་བཤད་མཛེས་ཤོས་ཀྱི་ཡུལ་ལྗོང་ཡིན་ཞེས་བཤད་ཆོག

ས་དབྱི་ཆུ་ནི་རྔུལ་ཤིད་ཤང་གི་རྒྱུན་གཏན་སྤྱོད་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པའི་ངོས་ནས་བརྗོད་ན་ཆུ་དེ་ནི་ཚེ་སྲོག་གི་འབྱུང་ཁུངས་ཤིག་རེད། 2018ལོར་སྐལ་བཟང་དབང་ཕྱུག་གིས་གྲོང་ཚོའི་ཆུའི་སྦུག་གུའི་དོ་དམ་པ་ཞིག་ཡིན། དུས་རྒྱུན་ཁོང་གིས་གྲོང་ཚོའི་མདོང་ལམ་ཉམས་བཟོ་དང་། ཆུ་འགོའི་སྲུང་སྐྱོང་དང་དེ་བཞིན་ཆུ་སྐོར་དང་མཚོ་སྐོར་ལས་དོན་བཅས་ཀྱི་འགན་འཁུར་གྱི་ཡོད། དེ་ནི་ལྷོ་རོང་རྫོང་གིས་མཁའ་རླུང་དང་ས། ཆུ་བཅོས་སྐྱོང་བྱ་རྒྱུ་གཙོ་བོར་བྱ་ནས་མཐའ་འཁྱོངས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་གི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད།

ད་ཆ་ཁོར་ཡུག་ནི་དམངས་ཀྱི་འཚོ་བ་དང་། སྔོ་ལྗང་གི་རི་ཀླུང་ནི་མཛེས་སྡུག་ལྡན་པ། དགུང་སྔོན་ཡང་བདེ་སྐྱིད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཤིག་ཡིན། ལྷོ་རོང་རྫོང་གི་མིའི་སེམས་ལ་གཏིང་ཟབ་ཟུག་ཡོད། དཔེར་ན་ཚེ་རིང་དབང་འདུས་དང་། བློ་བཟང་ཆོས་བརྟེན། སྐལ་བཟང་དབང་འདུས་བཅས་ནི་སྣོད་བཅུད་སྲུང་སྐྱོང་དཔུང་སྡེའི་ཁྲོད་ཀྱི་ཁོངས་མི་ཆུང་ཆུང་ཞིག་རེད། འབྱུང་འགྱུར་མི་དམངས་མང་ཚོགས་དེ་བས་མང་བ་ལྷོ་རོང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་ནས་དེ་གའི་སྲོག་ཆགས་དང་རྩི་ཤིང་དང་རི་ཆུ་ཁྲི་སྟོང་ལ་ཐུན་མོང་ཐོག་སྲུང་སྐྱོང་ཐུབ་རྒྱུར་ང་ཚོར་ཡིད་ཆེས་ཡོད།