གྲོང་ཚོ་ཆུང་ཆུང་ནས་གསོན་ཤུགས་གསར་པ་མངོན།—— བྲག་གཡབ་རྫོང་མདོ་ཁྲི་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2022-06-17 09:00:00】

“དེ་དག་ནི་གཅེས་སེམས་མི་སྣས་ཁྱེད་ཚོར་སྤྲད་པའི་གྱོན་ཆས་རེད། ཞིང་ལས་ཐད་སེམས་ཁྲལ་བྱེད་མི་དགོས། ཚང་མས་རེས་མོས་ཀྱིས་རོགས་རམ་བྱེད་ཀྱི་ཡོད་པས་ཁྱེད་རང་བློ་བདེ་པོས་ནད་གཞི་བཅོས་ཤིག”ཅེས་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་མདོ་ཁྲི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཆོས་དབྱིངས་མཚོ་མོས་ལྟོ་ཕད་ཕབ་ནས་ནམ་རྒྱུན་བཞིན་སྨན་བཅོས་བྱེད་བཞིན་པའི་ནོར་བུ་ཚེ་རིང་ལ་མངགས་བཅོལ་བྱས།

2021ལོར་བསམ་ཡུལ་ལས་འདས་པ་ཞིག་ལ་མདོ་ཁྲི་གྲོང་ཚོའི་གྲོང་མི་ནོར་བུ་ཚེ་རིང་གིས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་ཐོག་ཁ་ནས་ལྷུངས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག ཁྱིམ་གྱི་ངལ་ནུས་གཅིག་པུ་དེར་གནས་ཚུལ་འདི་འདྲ་འཕྲད་སྟབས། མ་གཞི་ནས་དེ་ཙམ་ཕྱུག་པོ་མེད་པའི་ཁྱིམ་ཚང་དེར་མུ་གེའི་སྟེང་ལ་ཟླ་ལྷག་ཞེས་པ་ལྟར་བྱུང་།

གྲོང་སྡོད་ལས་དོན་རུ་ཁག་གིས་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཉེ་འགྲམ་གྱི་ངོ་ཤེས་པ་དང་སྤྱི་ཚོགས་ཐོག་གི་གཅེས་སེམས་མི་སྣར་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པའི་སྐུལ་སློང་བྱས་པ་མ་ཟད། གྲོང་མི་སྒྲིག་འཛུགས་བྱས་ཏེ་ནོར་བུ་ཚེ་རིང་གི་ཁྱིམ་ལ་རོགས་རམ་བྱས། ལས་དོན་རུ་ཁག་གི་སྐུལ་ཁྲིད་འོག་གྲོང་མི་ཚོས་ནོར་བུ་ཚེ་རིང་བཟའ་ཚོར་རེས་མོས་བྱས་ནས་ལྟོ་དུས་གསུམ་བསྐྱལ་བ་མ་ཟད། དཔྱིད་རྨོད་རྨོད་འདེབས་བྱེད་རོགས་ཀྱང་བྱས།

“གྲོང་སྡོད་ལས་དོན་རུ་ཁག་དང་ཡུལ་མི་ཚོས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ནད་གཞི་དྲག་སྐྱེས་བྱུང་རྗེས་ནུས་པས་ལྕོགས་ཚོད་ཀྱིས་དྲིན་ལན་འཇལ་རྒྱུ་ཡིན”ཞེས་ནོར་བུ་ཚེ་རིང་གིས་མཐེ་བོང་སྒྲེང་བཞིན་སེམས་འགུལ་ཆེན་པོས་བཤད།

2021ལོའི་ཟླ་4པར་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པ་མདོ་ཁྲི་གྲོང་ཚོར་དངོས་སུ་བཅའ་སྡོད་བྱས་རྗེས་རུ་དཔོན་ཆོས་དབྱིངས་མཚོ་མོས་ཉིན་དང་པོ་དེ་ནས་བཟུང་རུ་མི་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་དང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གོང་མའི་ལས་ཀའི་འཕེལ་རིམ་རྒྱུས་ལོན་བྱེད་པ། ལས་ཀའི་འཆར་གཞི་གསར་པ་བཟོ་བ། དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བཅས་བྱས་ནས་གྲོང་སྡོད་ལས་དོན་མགྱོགས་མྱུར་སྤེལ་བ་རེད།

མདོ་ཁྲི་གྲོང་ཚོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་གཉིས་ཡོད་པ་དེ་དག་ནི་དམངས་ཕྱུག་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་དམངས་ཕྱུག་བྱེ་རྡོ་ར་བ་རེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་ཆེ་ཤོས་འདོན་ཐུབ་པ་བྱེད་ཆེད། ཆོས་དབྱིངས་མཚོ་མོས་རུ་མི་ཚོའི་སྣེ་ཁྲིད་དེ་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་ཐབས་ཇུས་འདོན་པ་དང་། བྲག་གཡབ་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གོ་སྐབས་སུ་བྱས་ཏེ་དམངས་ཕྱུག་ཞིང་འབྲོག་པའི་ཨར་ལས་རུ་ཁག་ཆུ་ཡུར་དང་ཟམ་པ་སོགས་རྫོང་ཁོངས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་རོགས་རམ་བྱས་ཤིང་། མི་63གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་ན་ནིང་ཁེ་སྤོགས་སྒོར་ཁྲི་7ལྷག་ཙམ་བགོས་པ་རེད།

མདོ་ཁྲི་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པས་ཐོག་མཐའ་བར་གསུམ་དུ“ཏང་འཛུཌ་སྐྱོང་+”གྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་དོ་དམ་དང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་དམ་འཛིན་ལྷོད་མེད་ཀྱིས་གྲོང་ཚོ་རིམ་པའི་འཐབ་ས་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཚོའི་ཏང་ཀྲི་པུའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་དོན་ཁག་བརྟན་པོའི་ངང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས“ཧྲུའུ་ཅི་དང་པོས་དྲིལ་བསྒྲགས་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱིས་རོགས་རམ། རིགས་ཁག་གི་ཆེད་ལས་ཚན་ཁག་གིས་སྣེ་ཁྲིད་བཅས་བྱེད་པའི”བྱེད་སྟངས་ཐོག་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་ཞིང་འབྲོག་པ་ཏང་ཡོན་རྣམས་ཁ་སྐད་ཚོད་རྒྱུགས་དང་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཏེ། “ཉན་པ། ཤོད་པ། ཀློག་པ། འབྲི་བ”བཅས་ཕྱོགས་ཡོངས་ནས་བྱེད་ཐུབ་པ་བྱས་པ་རེད།

སློབ་སྦྱོང་ཧུར་ཐག་བྱས་པ་བརྒྱུད། ཞིང་འབྲོག་པ་ཏང་ཡོན་ཤེས་རབ་འཇིགས་མེད་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཆུ་རྒྱུག་རྒྱུག་ཤོད་ཐུབ་པ་མ་ཟད། ལག་ཐོཌ་ཁ་པར་གྱི་ཆ་འཕྲིན་སྟབས་བདེ་རྣམས་ལྟ་ཐུབ་པ་དང་འབྲེལ་ལན་ཡང་བསྐུར་ཐུབ་ཀྱི་ཡོད་པས་ཁོང་ཧ་ཅང་དགའ་པོ་བྱུང་ཡོད།

ལོ་གཅིག་རིང་ཆོས་དབྱིངས་མཚོ་མོ་དང་། བཀྲ་ཤིས། བསྟན་འཛིན་སྒྲོལ་དཀར་བཅས་ཀྱིས་འགན་འཁུར་བའི་མདོ་ཁྲི་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་གྲོང་མི་ཡོངས་ཀྱི་སྣེ་ཁྲིད་དེ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པ་རེད།