ཆབ་མདོ་གྲོང་ཁྱེར་གྱི་“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་བསྐྱོད་པ་དང་འདུ་ཤེས་གསུམ་ལ་བརྟེན་ནས་ཕུགས་འདུན་མཉམ་གཏོད་”ཀྱི་སྒྲོག་འགྲེལ་ལས་དོན་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
གསར་འགྱུར་སྤེལ་དུས། 【2022-08-09 09:00:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱིས་ཟླ་8ཚེས་5ཉིན་ནས་བཟུང“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་བསྐྱོད་པ་དང‘འདུ་ཤེས་གསུམ’ལ་བརྟེན་ནས་ཕུགས་འདུན་མཉམ་གཏོད་”ཀྱི་སྒྲོག་འགྲེལ་ལས་དོན་སྤེལ་རྒྱུ་ཡིན་པ་རེད། སྒྲོག་འགྲེལ་ལས་དོན་གྱིས་ལས་བྱེད་པ་སྟོང་སྒྲིག་འཛུགས་བྱས་ཏེ་རྫོང་(ཆུས་)དང་ལས་ཁུངས། ཁེ་ལས། སློབ་གྲྭ། ཞིང་འབྲོག་ཁུལ། སྡེ་ཁུལ་སོགས་སུ་ཟབ་འཇུག་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་པ་དང་། བློ་དཀར་སེམས་དཀར་དང་སྲོག་ཤིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཉིན་བཅོ་ལྔ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྒྲོག་འགྲེལ་དང་། དཔེ་སྟོན་སྒྲོག་འགྲེལ་བྱེད་པ། གཞི་རིམ་གྱི་སྒྲོག་འགྲེལ་པ་2069གཅིག་སྡུད་སྒྲོག་འགྲེལ་བྱེད་པ། དྲ་ཐོག་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་རྫོང(ཆུས)དང་། ལས་ཁུངས། ཁེ་ལས། སློབ་གྲྭ ཞིང་འབྲོག་ཁུལ། སྡེ་ཁུལ་སོགས་སུ་སྒྲོག་འགྲེལ་ལས་དོན་སྤེལ་བ་རེད། དེ་དང་ཆབས་ཅིག་ད་ཐེངས་ཀྱི་བྱེད་སྒོས་ད་དུང་བྱེད་ཐབས་གསར་གཏོད་བྱས་ནས“རིག་རྩལ་+སྒྲོག་འགྲེལ་”དང་།“གློག་བརྙན་+སྒྲོག་འགྲེལ་”“གཏམ་རྒྱུད་+སྒྲོག་འགྲེལ་”སོགས་ཀྱི་བྱེད་ཐབས་སྤྱད་དེ་སྒྲོག་འགྲེལ་ལས་དོན་གཞི་རིམ་དུ་སྤེལ་བ་དང་མང་ཚོགས་ཁྲོད་འཁྲུག་ཆ་དོད་པའི་འགན་ལེན་བྱས་ནས་ལས་བྱེད་མང་ཚོགས་ཀྱིས་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱ་རྒྱུ་རེད།