དངོས་ཟོག་སྡེབ་སྐྱེལ“མཐའ་མའི་སྨི་བརྒྱའི”གྲོང་མིའི་རྒྱུན་གཏན་གྱི་འཚོ་བ་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2022-08-31 15:13:26】

མིག་སྔའི་ཆབ་མདོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་གི་མདུན་དུ་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་རིམས་ནད་ལ་རྒོལ་བ་དང་། ཟོག་གོང་བརྟན་པོ། མཁོ་སྤྲོད་འགན་ལེན། དམངས་སེམས་བདེ་བ་བཅས་ཀྱི་གནས་ཚུལ་ལ་དམིགས་ཏེ་རིམ་ཁག་སྡེ་ཚན་ཁག་གིས་ཐབས་མང་མཉམ་སྤྱོད་ཀྱིས་དངོས་ཟོག་སྡེབ་སྐྱེལ“མཐའ་མའི་སྨི་བརྒྱའི”ནུས་ཤུགས་ཡོད་རྒུས་ཤར་གཏོང་ཐུབ་པ་བྱས་ནས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བ་འགན་ལེན་བྱས་པ་རེད།

“སྐུ་ཁམས་བཟང་། འདི་ནི་ཁ་རུབ་ཆུས་དགུང་སྔོན་དྭངས་གཙང་གི་རིན་གོང་བདེ་བའི་སྔོ་ཚལ་སྟག་དབྱིབས་ཁ་ཐད་ཚོང་ཁང་ཡིན་པས་ཁྱེད་ལ་སྔོ་ཚལ་གང་དགོས་སམ།

གྲོང་མིའི་དངོས་ཟོག་སྡེབ་སྐྱེལ་ཁ་པར་འབྱོར་རྗེས་ལས་དོན་མི་སྣས་ཞིབ་བསྡུར་དང་དངོས་ཟོག་སྡེབ་སྐྱེལ་བྱེད་འགོ་བཙུགས་ནས་འཕྲལ་མར་དངོས་ཟོག་སྡེབ་སྐྱེལ་རླངས་འཁོར་བཀོད་སྒྲིག་བྱས་བཞིན་ཡོད།

གྲོང་མི་ཙོའུ་ལགས་ཀྱིས་ཚལ་མངགས་བའི་ཁ་པར་ཞིག་བཏང་བ་དང་ཁོང་གིས་ཉོས་པའི་སྔོ་ཚལ་མགྱོགས་མྱུར་ངང་བསྐྱལ་ཡོང་གི་ཡོད། དམིགས་བསལ་གྱི་དུས་སུ་ཙའུ་ལགས་ཀྱིས་ནད་འགོས་བའི་ཉེན་ཁར་སེམས་ཁྲལ་གཏན་ནས་བྱེད་དགོས་མེད། ཁྱིམ་དུ་སྔོ་ཚལ་དང་ཤིང་འབྲས་སོས་པ་བསྐྱལ་ཡོང་གི་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཚོང་པས་དྲ་ཐོག་ནས་ཉོ་སྒྲུབ་ལས་སྟེགས་འདོན་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་ཧུར་ཐག་བྱས་ནས་གྲོང་མིས་ཕྱིར་བསྐྱོད་མི་དགོས་པར་འཚོ་བའི་དངོས་ཟོག་ཉོ་ཐུབ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད། ཙའུ་ལགས་དང་འདྲ་བར་ཁ་པར་དང་ཡང་ན་དྲ་ཐོག་ནས་མངག་ཉོ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་འཚོ་བའི་དངོས་ཟོག་ཉོ་མཁན་གྲོང་མི་མི་ཉུང་བ་ཞིག་ཡོད་པ་རེད། དམིགས་བསལ་གྱི་དུས་སུ་འདིར་ང་ཚོའི་ཀུང་སིས་ལས་སྒོ་གསར་པ་ཞིག་མང་དུ་བཏང་ཡོད། གྲོང་མིའི་དྲ་ཐོག་ནས་མངག་ཉོ་བྱེད་པའམ་ཡང་ན་ཁ་པར་གཏོང་བའི་ཐབས་ལ་བརྟེན་ནས་མངག་ཉོ་བྱེད་ཆོག

ང་ཚོས་སྡེ་ཁུལ་དུ་སྡེབ་སྐྱེལ་བྱ་རྒྱུ་བདམས་རྗེས་ཁ་པར་བརྒྱུད་མངགས་སྐྱེལ་བྱེད་སྟངས་ལ་བརྟེན་ནས་གྲོང་མི་ཚོས་སེམས་ཁྲལ་མེད་པ་དང་བློ་བདེའི་ངང་སྐྱེལ་ཐུབ་པ་བྱེད་ཀྱི་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དགུང་སྔོན་དྭངས་གཙང་ཞིང་ཞོར་ཐོན་རྫས་བྲིན་ཚོང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀུའུ་ཙི་ཏུང་གིས་ངོ་སྤྲོད་བྱས།

དྲ་ཐོག་ནས་ཉོ་སྒྲུབ་བྱེད་མི་ཤེས་པ་དང་ཁ་པར་ཐོག་ནས་ཉོ་སྒྲུབ་བྱེད་མི་བདེ་བའི་གྲོང་མིར་དམིགས་ཏེ་ཆབ་མདོ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས་གྲོང་མིས་དངོས་ཚན་ཚོང་ཁང་ནས་བློ་བདེའི་ངང་དགོས་མཁོ་ཡོད་པའི་འཚོ་བའི་དངོས་ཟོག་ཉོ་རྒྱུ་འགན་ལེན་བྱས་པ་རེད། ཁ་རུབ་ཆུས་ཀྱི་སྔོ་ཚལ་སྡེབ་ཚོང་ཁྲོམ་རར་གསར་འགོད་པས་ཚོང་སྒྲོམ་ཐོག་སྔོ་ཚལ་དང་ཤིང་འབྲས་སོགས་ཞིང་ལས་ཐོན་རྫས་སྣ་ཁ་ཕུན་སུམ་ཚོགས་ལ་གྲངས་འབོར་མང་པོ་ཡོད་པ་མཐོང་བྱུང་། གྲོང་མི་མི་ཉུང་བ་ཞིག་གིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་གོ་རིམ་ལྡན་པའི་ངང་ཉོ་སྒྲུབ་བྱས་ནས་འདུལ་འཛོམས་མི་བྱེད་པ་དང་གཅིག་སྡུད་མི་བྱེད་པ་བྱས་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དངོས་ཟོག་སྡེབ་སྐྱེལ“མཐའ་མའི་སྨི་བརྒྱ”བཏོད་ནས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བ་འགན་ལེན་བྱ་ཆེད། ཚོང་དོན་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་འཚོ་བའི་མཁོ་ཆས་ཀྱི་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས་ཉིན་རེའི་མཁོ་དགོས་ཀྱི་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ་གོ་རིམ་དང་ནུས་ལྡན་གྱི་སྒོ་ནས་མཁོ་འདོན་འགན་ལེན་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག་ཚོང་དོན་སྡེ་ཚན་གྱིས་ད་དུང་ཁྲུང་ཆིང་སོགས་དང་མཉམ་འབྲེལ་མཁོ་འདོན་ལམ་སྲོལ་བཙུགས་ནས་ཐག་ཉེ་ལ་མྱུར་བའི་རྩ་དོན་ལ་གཞིགས་ཏེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། (གྲོང་ཁྱེར།)སྒྲོལ་ནས་དངོས་ཟོག་གཏོང་འདྲེན་བྱས་ཏེ་ཟོག་ཁུངས་འདང་ངེས་དང་། ཐབས་ལམ་ཤར་བགྲོད། མཁོ་སྤྲོད་ནུས་ལྡན་བཅས་ཡོང་བའི་འགན་ལེན་བྱས་པས་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དེ་བས་གདེང་ཚོད་དང་དེ་བས་ཡིད་ཆེས་ཆེ་རུ་ཕྱིན་ཡོད་པ་རེད།

ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་རིམ་བཞིའི་བརྟག་ཞིབ་པ་ཧྥན་ཡུན་གྱིས། གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་རིང་དངོས་རྫས་མཁོ་སྤྲོད་འགན་ལེན་བྱེད་པའི་ལས་ཀའི་བཀོད་སྒྲིག་བླང་བྱ་ལྟར། མང་ཚོགས་ཕྱི་ལ་ཉོ་སྒྲུབ་བྱེད་པར་འགྲོ་བའི་རིམས་ནད་འགོས་བའི་ཉེན་ཁ་ཆུང་དུ་གཏོང་ཆེད། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་རིམས་ནད་བྱུང་ཚུལ་རིང་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་ཏན་ཏིག་འཁུར་ནས་དྲ་ཐོག་ཚོང་དོན་སྟེགས་བུ་དང་། སྒོ་རྩིས་འཚོང་ཁང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར་བཅས་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱིས་རྒྱ་ཆེའི་གྲོང་མིར་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པའི་ལས་སྟེགས་རྒྱ་ཁྱབ་ངང་བཏོད་དེ་རྒྱ་ཆེའི་གྲོང་མིའི་རྒྱུན་གཏན་གྱི་འཚོ་བའི་དངོས་རྫས་ཀྱི་དགོས་མཁོར་ཞབས་འདེགས་ཞུས་ནས་འཚོ་བའི་དངོས་རྫས་སྡེབ་སྐྱེལ་དེ“མཐའ་མའི་སྨི་བརྒྱའི”གོ་རིམ་ལྡན་པ་ཞིག་ཡོང་བ་བྱས་ཡོད། གོམ་སྟབས་རྗེས་མར་ང་ཚོས་འཚོ་བའི་མཁོ་ཆས་ཀྱི་རྒྱུན་གཏན་ལྟ་ཞིབ་ཚད་ལེན་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་ནས་འཚོ་བའི་མཁོ་ཆས་ཁྲོམ་རའི་འཕེལ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་དང་། ཟོག་ཁུངས་སྒྲིག་འཛུགས་དང་། གསོག་འཇོག་བཀོལ་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོའི་དངོས་ཟོག་འགན་ལེན་གྱི་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་མཚོན་པ་རེད།