འཕྲུལ་འཁོར་སྤྱོད་འགོ་ཚུགས། ཁྲོམ་ར་དར་འགོ་ཚུགས།

— ཆབ་མདོ་གྲོང་ཁྱེར་དུ་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་བསྐྱར་ཚུགས་ཐུབ་པའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2022-09-27 11:34:55】

ཟླ་9ཚེས་12ཉིན་ཆབ་མདོ་གྲོང་ཁྱེར་གྱིས་སྐབས་བསྟུན་གཙང་བཟོའི་དམིཌ་ཚད་མངོན་འགྱུར་ཐུབ་ཚུན། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“སྐབས་བསྟུན་གཙང་བཟོའི” སྤྱིའི་བྱེད་ཕྱོཌ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིཌ་ཚད་ལ་དམིཌ་ནས“ཤུགས་སྣོན་ལྔ”སྣེ་ཁྲིད་དུ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་ནུས་ལྡན་བྱས་པ་དང་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུཌ་དང་ཚོང་ཁྲོམ་བསྐྱར་ཚུཌ་ཐུབ་ནས“ཕྱོགས་གཉིས་ལ་དམ་འཛིན་དང་ ཕྱོགས་གཉིས་ཀར་དམ་འཛིན་ནན་པོ། ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བ”བཅས་བྱས་ཡོད།

ལས་གྲྭ་འཛུགས་སྐྲུན་ཚ་ཚ་འུར་འུར་ཡིན་པ།

ཆབ་མདོ་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཁག་གི་ལས་ཡུལ་དུ་སྐྱོད་སྐབས་གང་སར་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་། དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཆུ་རགས་B-Cཡི་འབྲེལ་ཟམ་ལས་གྲྭའི་ཨར་སྐྲུན་བྱ་ཡུལ་དུ་འཕྲུལ་ཆས་འཁོར་རྒྱུག་ལ་བྲེལ་བ་དང་བཟོ་པ་ཚོས་ཟམ་གདན་གྱི་ཨར་འདམ་ལུགས་རྒྱག་བཞིན་ཡོད། སྨར་ཁམས་རྫོང་གྲོང་གི་ཆུ་མཁོ་འདོན་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི་རྣམ་གྲངས་ལས་ཡུལ་དུ་བཟོ་པ་ཚོས་ལས་དུས་འཕར་མ་བྱས་ནས་ལོ་འདིའི་ནང་སྔོན་གཏན་འཁེལ་བའི་ལས་གྲྭ་ལེགས་སྒྲུབ་ཡོང་བའི་བརྩོན་ལེན་བྱེད་བཞིན་ཡོད།

རྣམ་གྲངས་འཛུགས་སྐྲུན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གཙོ་བོ་དང་དམ་འཛིན་བྱེད་གཞི་བརྟན་པོ་ཞིག་རེད། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བཀོད་སྒྲིག་ཚོཌ་འདུ་དང་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ལས་དོན་དང་གཙོ་གནད་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་དུས་ཐོག་ཏུ་འཚོགས་པ་དང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་འགན་གཙང་འགན་ལེན་གྱི་ལས་བགོས་ཁྱབ་ཁོངས་སུ་ཐོན་བསྐྱར་ཚུགས་ཀྱི་འགན་འཁྲིའི་ལམ་སྲོལ་བཟོས་པ། རྣམ་གྲངས་སྐས་རིམ་བཞིན་ལས་འགོ་འཛུགས་པའི་འཆར་གཞི་བཟོས་པ། གཙོ་གནད་རྣམ་གྲངས་ཞབས་ཞུ་འགན་ལེན་ལས་དོན་གྱི་ཆེད་སྒྲུབ་ཚོཌ་ཆུང་བཙུཌ་ཏེ་གཙོ་གནད་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ཁེ་ལས་ཀྱི་ཨར་སྐྲུན་རྒྱུ་ཆ་མི་འདང་བའི་གནས་ཚུལ་མཐིལ་རྟོགས་བྱས་པ། ཨར་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་བྱེད་མི་བདེ་བ་དང་མཁོ་སྤྲོད་འགལ་བ་ཐོན་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཞི་ལྷོད་དུ་བཏང་བས་གྲོང་ཁྱེར་ཡོངས་སུ་ཕྱོགས་ཡོངས་ནས་རྣམ་གྲངས་ལ་དམིགས་པ་དང་། ནུས་ཤུགས་ཡོད་རྒུས་རྣམ་གྲངས་འགག་སྒྲོལ་བྱེད་པ། བློ་གཅིག་སེམས་གཅིག་གིས་རྣམ་གྲངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད།

ཐོན་སྐྱེད་འཁོར་ཁང་དུ་ནུས་ཤུགས་ཡོད་རྒུས་ལས་ཀ་བྱེད་པ།

གཙོ་གནད་རྣམ་གྲངས་ཀྱི་ལས་ཡུན་དམ་འཛིན་བྱས་ཁར་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱིས་ཀྱང་གདོང་མཆོང་དུང་བརྡ་བསྒྲགས་པ།

དཔའ་ཤོད་རྫོང་པད་མ་གྲོང་རྡལ་སྒྲུབ་པ་གྲོང་ཚོའི་ཐོན་ལས་གླིང་དུ་སྐྱོད་སྐབས་ལྷ་ཀླུ་ཁ་རྒྱ་བྲ་ལས་སྣོན་བཟོ་གྲྭའི་ནང་བྲ་ནག་ཕྱེ་མ་དང་། བྲ་ནག་འཐུང་ཇ། རྒྱ་བྲའི་སྔས་འབོལ། རྒྱ་བྲའི་ཆང་སོགས་རྒྱ་བྲའི་ཐོན་རྫས་སྣ་ཚོགས་མིག་ལམ་དུ་འཆར་བྱུང་། བཟོ་པ་ཚོས་ཁ་རས་བརྒྱབ་ནས་འཕྲུལ་འཁོར་དང་མཉམ་ལས་དམ་ཟབ་བྱས་ཏེ་ཐོན་རྫས་ཀྱི་འབོར་ཚད་ལྟར་སྒྲིལ་སྣོད་ནང་བླུགས་ནས་དུག་སེལ་བྱས་རྗེས། གཞི་ནས་མཛེས་ཉམས་དོད་པའི་ལག་རྟགས་སྒམ་ཆུང་ནང་བླུགས་ཀྱི་ཡོད།

སྨར་ཁམས་རྫོང་ཨོ་གཙང་ཞིང་ཞོར་ཐོན་རྫས་ལས་སྣོན་བྲིན་ཚོང་ཀུང་སིའི་འཁོར་ཁང་དུ་ལས་བཟོ་ཚོས་ཁ་རས་བརྒྱབ་ནས་རང་སོ་སོའི་ལས་གནས་ཐོག་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད། ཁོང་ཚོའི་ཁྲོད་ནས་ལ་ལས་ཡོས་རྔོ་བ་དང་། ལ་ལས་སྒྲིག་ཆས་སྤྱོད་པ། ལ་ལས་ཐོན་རྫས་ལ་ཐུམ་རྒྱག་བཞིན་ཡོད།

ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་སྡེ་ཚན་ཁག་གིས་རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་ཏན་ཏིག་བྱས་ནས་ལས་ཐོན་བསྐྱར་ཚུགས་ཀྱི་སྲིད་ཇུས་དོན་འཁྱོལ་དང་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་དང་། ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་སྔོན་ཚུད་ཞབས་ཞུ་དང་མཛུབ་ཁྲིད་ལ་བརྟེན་ནས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་དང་། འགྲིམ་འགྲུལ་ཟོག་འགྲེམས་ཤར་གཏོང་། མི་སྣ་ལས་གནས་ཐོག་ལོག་པ་སོགས་ཀྱི་ལྷུ་ཚིགས་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་11 ཐོན་སྐྱེད་སླར་གསོ་ཐུབ་ནས་ཐོན་སྐྱེད་སླར་གསོ་ཐུབ་ཚད་91.67%ཟིན་ཡོད།

འཁྲུག་ཆ་དོད་པའི་གྲོང་ཁྱེར་གྱི་རྣམ་པ་མངོན་པ།

ཞོགས་པའི་ཉི་འོད་སྤྲིན་གསེབ་ནས་ས་གཞི་ཆེ་མོར་འཕྲོ་སྐབས་ཁ་རུབ་ཆུས་རིམ་བཞིན་འཁྲུག་ཆ་དོད་པོར་གྱུར། གྲོང་ཁྱེར་གྱི་འགྲོ་ལམ་ཐོག་འཁོར་རིགས་སྣ་ཚོགས་ཕར་འགྲོ་ཚུར་འོང་བྱེད་པ་དང་མི་ཚོགས་ཀྱང་རིམ་གྱིས་མང་དུ་ཕྱིན་ནས་ཟ་ཁང་དང་། སྟབས་བདེའི་ཚོང་ཁང་། ཚལ་རིགས་ཚོང་ཁང་། སྒོ་རྩིས་ཚོང་ཁང་། སྨན་རྫས་ཚོང་ཁང་སོགས་ལམ་འགྲམ་ཚོང་ཁང་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་ནས་རྒྱུན་གཏན་གྱི་འཚོ་བ་སྐྱེལ་འགོ་བརྩམས་ཡོད།

རྫོང་ཡོངས་ཀྱི་མི་དམངས་ལ“ཟ་འབྲུ”དང་།“ཤ་ཚལ་སྒོང་གསུམ” “ཤིང་འབྲས”མི་ཆད་པ་དང་རིམས་ནད་ཀྱིས་ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་ཚོང་དུད་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད། བྲག་གཡབ་རྫོང་གིས་འཕྲལ་མར་གྲོས་འདོན་ཡི་གེ་བཀྲམ་ནས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོས་སྣེ་ཁྲིད་དེ་ཚོང་དུད་ཀྱིས་བོགས་མར་བླངས་པའི་ཚོང་ཁང་དང་། སྡོད་ཁང་། མཛོད་ཁང་སོགས་ཀྱི་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་འབོད་སྐུལ་བྱས་པ་མ་ཟད། གཞུང་ཁོངས་ཁང་པ་བོགས་མར་བླངས་པའི་ཚོང་དུད་160ནས་འགོ་བཙུགས་ཏེ་སྔོན་ལ་ཟླ་གཅིག་གི་ཁང་གླ་རྩ་ཆག་བཏང་བ་རེད། ཟླ་9ཚེས་15ཉིན་བར་རྫོང་ཡོངས་ཀྱི་མི་སྒེར་གྱི་ཁང་བདག་གིས་ཁྱོན་ཚོང་དུད་444ལ་ཁང་གླ་སྣ་ཚོགས་སྒོར་ཁྲི་238.69ཆག་ཡང་དང་རྩ་ཆག་བཏང་ནས་རྫོང་ཡོངས་ཀྱི་ཚོང་ཁྲོམ་བསྐྱར་ཚུགས་ཡོང་རྒྱུར་རམ་འདེགས་ནུས་ལྡན་བྱས་ཡོད།

ཆབ་མདོ་གྲོང་ཨུད་ཀྱི་དྲུང་ཆེ་གཞོན་པ་ལིའུ་ཅན་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་སྒོ་རྩིས་ཚོང་ཁང་དང་སྨན་རྫས་ཚོང་ཁང་སོགས་དམངས་འཚོའི་ཚོང་ཁང་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་ཐུབ་པ་སྔོན་ལ་འགན་ལེན་བྱས་ནས་ཚོང་ཁང་དང་། སྨན་རྫས་ཚོང་ཁང་། ཟ་ཁང་སོགས་གཞི་རྩའི་ཆ་ནས་སྒོ་ཕྱེ་འདོད་ཡོད་ན་སྒོ་ཕྱེ་རུ་བཅུག་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ཨར་སྐྲུན་རྒྱུ་ཆ་ཚོང་ཁང་921ཚོང་གཉེར་བྱེད་འགོ་ཚུགས་ནས་ཁྲོམ་ར་བསྐྱར་ཚུགས་ཐུབ་ཚད་77.53%ཟིན་པ་དང་། ཚལ་ཁྲོམ་དང་ཚོང་ཁང་7291ཚོང་གཉེར་བྱེད་འགོ་ཚུགས་ནས་ཁྲོམ་ར་བསྐྱར་ཚུགས་ཐུབ་ཚད་94.46%ཟིན་པ། ཟ་ཁང་6677ལས་གཉེར་བྱས་ནས་ཁྲོམ་ར་བསྐྱར་ཚུགས་ཐུབ་ཚད་96.8%ཟིན་པ། གསོལ་མགྲོན་ཁང་294ལས་གཉེར་བྱས་ནས་ཁྲོམ་ར་བསྐྱར་ཚུགས་ཐུབ་ཚད་58.1%ཟིན་ཡོད།

མིག་སྔར་ཆབ་མདོའི་ས་གནས་ཁག་གིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་བསྐྱར་ཚུགས་བྱས་པས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་རིམ་བཞིན་སླར་གསོ་ཐུབ་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་རྣམ་པ་གསར་རྐྱང་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཐོག་ནས་འབད་འབུངས་ཡར་བརྩོན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད།