གསར་འགྱུར་སྤེལ་དུས། 【2023-03-28 10:55:59】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་21ཉིན་ལ། ཆབ་མདོ་གྲོང་ཁྱེར་གྱི་(ཀྲུང་དབྱང་དང་ལྗོངས་)ཐད་གཏོགས་ཚན་པའི་2023ལོའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་དང་ཏང་འཛུགས་སྐྱོང་ལ་སྤུས་རྟགས་གཏོད་པའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཡིན་པའི་ལི་པིན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་2022ལོའི་ལོ་འཁོར་གྱི་གྲོང་ཁྱེར་གྱི་(ཀྲུང་དབྱང་དང་ལྗོངས་)ཐད་གཏོགས་ཚན་པའི“ཏང་འཛུགས་སྐྱོང་སྤུས་རྟགས་རྩེ་གྲ་བཅུ”གཏོད་པའི་བརྙན་ལམ་ལ་གཟིགས་པ་དང་། 2022ལོའི་ལོ་འཁོར་གྱི་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས་)ཐད་གཏོགས་ཚན་པའི་ཏང་འཛུགས་སྐྱོང་སྤུས་རྟགས་གཏོད་པའི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ།《ཀྲུང་གུང་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་དང་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཆབ་མདོ་གྲོང་ཁྱེར་གྱི་(ཀྲུང་དབྱང་དང་ལྗོངས་)ཐད་གཏོགས་ཚན་པའི“ཏང་འཛུགས་སྐྱོང་སྤུས་རྟགས་རྩེ་གྲ”དང“ཕུལ་བྱུང་ཏང་འཛུགས་སྐྱོང་སྤུས་རྟགས་བཅུར”གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱངས་གནང་བ་དང་། 2022ལོའི་ལོ་འཁོར་གྱི་གྲོང་ཁྱེར་གྱི་(ཀྲུང་དབྱང་དང་ལྗོངས་)ཐད་གཏོགས་ཚན་པའི“ཏང་འཛུགས་སྐྱོང་གི་སྤུས་རྟགས་རྩེ་གྲ་བཅུ”དང་ཕུལ་བྱུང་གི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཐུས་མིར་བྱང་བུ་སྤྲད་ནས་གཟེངས་བསྟོད་བྱས་པ་རེད།