གསར་འགྱུར་སྤེལ་དུས། 【2023-07-25 10:41:37】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས18ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི“སྡོམ་དྲ”བཅོས་སྒྲིག་ལས་དོན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆབ་མདོ་གྲོང་ཁྱེར་གྲོང་ཁུལ་གཙོ་བོའི“སྡོམ་དྲ”ལམ་ཐིག་མདོང་ལམ་དྲ་བའི་སྒྱུར་བཀོད་ཀྱི་དུས་འགོའི་ལས་དོན་སྤེལ་ཚུལ་དང་ལག་བསྟར་ཇུས་གཞིའི་སྙན་སེང་ལ་གསན་པ་དང་། ལྷག་པའི་གནད་དོན་ལ་དབྱེ་ཞིབ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཡོད།
གྲོང་ཁྱེར་ཡོངས་ཀྱི“སྡོམ་དྲ”བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར། ལའོ་ཆིན་འུའུ་ཡིས“སྡོམ་དྲ”བཅོས་སྒྲིག་བྱ་རྒྱུ་ནི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ནང་དོན་གལ་ཆེན་ཞིག་དང་། གྲོང་མིའི་འཚོ་སྡོད་ཁོར་ཡུག་དང་གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་ལ།དམངས་འཚོའི་འདུ་འགོད་ཀྱི་དགོས་མཁོ་ཞིག་ཡིན་པ་མ་ཟད་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མེད་པ་བཟོ་བའི་དགོས་མཁོ་ཞིག་ཀྱང་ཡིན། རིམ་པ་ཁག་དང་ཚན་པ་ཁག་གིས“སྡོམ་དྲ”བཅོས་སྒྲིག་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། ཁ་ཚ་དགོས་གཏུག་གི་འདུ་ཤེས་བཅས་ངོས་འཛིན་གང་ལེགས་བྱེད་པ་དང་། གྲོང་ཁྱེར་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས“སྡོམ་དྲ”བཅོས་སྒྲིག་ལས་དོན་ཁྲོད་ལྷག་པའི་ཞན་ཆ་དང་མི་འདང་སར་ཞིབ་བཤེར་ནན་ཏན་བྱས་ཏེ་ཚད་གཞི་མཐོ་པོས“སྡོམ་དྲ”བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལོ་མཇུག་གོང་འགྲིམ་འགྲུལ་གྱི་མ་ལམ་གཙོ་བོ་དང་། གྲོང་ཁུལ་གྱི་གཙོ་ཐིག“སྦས་དགོས་རིགས་ཚང་མ་སྦས་པ”དང“བཤིག་དགོས་རིགས་ཚང་མ་བཤིག་པ”བཅས་གཞི་རྩའི་ཆར་འགན་ལེན་བྱས་ནས་གྲལ་གཙང་དང་། རིམ་ལྡན། མཛེས་པ་བཅས་ཀྱི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་ཞེས་བསྟན།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློའི་རྒྱུད་ལ་དམ་འཛིན་བྱས་ནས་འགན་འཁྲིའི་འབྲེལ་ཐག་བརྟན་པོ་བཙུགས་ཏེ་ཞུམ་མེད་མདུན་སྐྱོད་ཀྱི་ངར་ཤུགས་དང་། ཆུ་ཡི་ཐིགས་པས་རྡོ་ལ་རི་མོ་ཕིག་པ་བཞིན་གྱི་འབད་འབུངས་ཡར་བརྩོན་གྱི་ངར་ཤུགས་བཅས་ལ་བརྟེན་ནས་བྱ་བ་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་དང་ས་ཁོངས་རེ་རེ་བཞིན་ཚད་བརྒལ་ཡོང་རྒྱུར་དམ་འཛིན་བྱས་ཏེ་འཛུགས་གཏོད་ལས་དོན་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཕྱོགས་གང་ས་ཅི་ཐད་དུ་ཁྱབ་པ་བྱས་ནས་དད་སེམས་བརྟན་པོ་དང་། ཀུན་སྤྱོད་བཟང་པོ། རིག་གནས་ཟབ་མོ། ཞི་མཐུན་སྡོད་རྒྱུར་འཚམ་པ། མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་ཤེས་དཔལ་གྲོང་ཁྱེར་ཞིག་ཧུར་ཐག་བསྐྲུན་དགོས་ཞེས་ནན་བཤད་བྱས་ཡོད།
གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཐོགས་མེད་ཤེས་རབ་ཚོགས་འདུར་ཞུགས་ཡོད།