གསར་འགྱུར་སྤེལ་དུས། 【2023-10-17 09:00:00】
ཇུས་གཞི་བཟོས་པ་གནད་ལ་འཁེལ་བ།
ཆབ་མདོ་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཡིས་དཔེ་ཀློག་འཛིན་གྲྭ་བསྒྲུབ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་དང་ཚད་གཞི་ཡང་ཡང་བསྡུར་ནས《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་ལས་དོན་ཇུས་གཞི》ནན་ཏན་བཟོས་ནས་དཔེ་ཀློག་འཛིན་གྲྭའི་དུས་ཚོད་དང་། སློབ་སྦྱོང་གི་ནང་དོན། སློབ་སྦྱོང་བྱེད་སྟངས། ལས་ཀའི་བླང་བྱ་བཅས་ཞིབ་ཕྲ་དང་ཁ་གསལ་བཟོས་པ་དང་འབྲེལ་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་དང་རྫོང(ཆུས)ཁག་ལ་གཤམ་སྤེལ་བྱས་ནས་སློབ་སྦྱོང་ནང་ཞུགས་པའི་ཚན་པ་ཁག་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད།
ཁྱབ་ཁོངས་ཁེབས་ཚད་ཡོངས་སུ་ཁྱབ་པ།
ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པ་44ཚང་མ་བླང་བྱ་ལྟར་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭར་ཞུགས་ནས་དཔེ་ཀློག་འཛིན་གྲྭར་སློབ་སྦྱོང་བྱེད་ཚད་100%ཟིན་ཡོད། ཟླ་9ཚེས་20ཉིན་བར་གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་ནང་ཞུགས་མཁན་ཚན་པ་81གིས་དཔེ་ཀློག་འཛིན་གྲྭའི་ལས་ཀའི་ཇུས་གཞི་94(མཉམ་འབྲེལ་ཐོག་འཛིན་གྲྭ་37ཚུད་པ)བཟོས་པ་དང་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་དང་དེ་བཞིན་རིམ་པ་ཡན་གྱི་ལས་བྱེད་པ་1601དང་རྫོང་དང་ཁྲུའུ་རིམ་པ་མན་གྱི་ཏང་སྲིད་ཀྱི་འགན་འཁུར་བ་481ལ་ཁྱབ་ཡོད་པ་རེད།
སློབ་སྦྱོང་བྱ་ཐབས་སྣ་མང་ཡིན་པ། འདི་ལོའི་ཟླ་4པར་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་གཞིར་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་དེབ་46795སྔ་སྣུར་དུ་གཅིག་སྡུད་ཐོག་ཉོ་སྒྲུབ་བྱས་པ་དང་འབྲེལ་རིམ་ཁག་ཏང་རྩ་འཛུགས་ལ་དུས་ཐོག་ཏུ་བགོས་ནས་དགོས་མཁོ་ལྟར་སྤྲད་པ་དང་སྔ་སྣུར་དུ་རང་སྦྱོང་བྱས་པ་རེད། སློབ་སྦྱོང་ལ་ཞུགས་པའི་ལས་ཁུངས་ཁག་གིས་ཚོགས་འདུ་མ་འཚོགས་གོང་སྔ་ཙམ་རང་སྦྱོང་བྱས་པ་དང་། ཀློག་དགོས་ངེས་ཀྱི་དཔེ་དེབ་དང་ཡིག་ཆ་སློབ་སྦྱོང་དཔྱད་ཡིག་གི་ཞིབ་ཐོ་སྔ་སྣུར་དུ་འགྲེམས་སྤེལ་བྱས་ནས་ཏང་ཡོན་ལས་བྱེད་པས་ལས་ཀ་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་རང་སྦྱོང་བྱ་རྒྱུའི་ཁྲིད་སྟོན་བྱས་པས་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་ཡོད།
ལས་ཚད་བཀོད་སྒྲིག་ཏན་ཏིག་བྱས་པ།
ཆབ་མདོ་གྲོང་ཁྱེར་གྱིས་དཔེ་ཀློག་གི་མྱུར་ཚད་ལ་གཞིགས་ནས་དཔེ་ཀློག་གི་ལེ་ཚན་བཀོད་སྒྲིག་གནད་འཁེལ་བྱས་ནས་རྫུན་དང་རྫུན་མིན་གཏན་ནས་བྱེད་མི་རུང་བར་དཔེ་ཀློག་ཐེངས་གཅིག་བཀོད་སྒྲིག་བྱས་པར་ཕན་འབྲས་ཡོད་པར་བྱས་ཡོད། སློབ་སྦྱོང་བྱས་ཚར་མེད་པའི་འཆར་གཞིའི་ལས་འགན་ལ་འཛིན་གྲྭའི་ནང་རང་སྦྱོང་བྱ་རྒྱུར་སྐུལ་ལྕག་བྱས་ནས་ངེས་པར་དུ་སྦྱོང་དགོས་པའི་ལེ་ཚན་སློབ་སྦྱོང་གནད་ལ་འཁེལ་བ་བྱེད་དགོས།
དེ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་སློབ་སྦྱོང་འཛིན་གྲྭའི་ནང་ཞུགས་མེད་པའི་རྫོང་དང་ཁྲུའུ་རིམ་པ་དང་དེ་བཞིན་དེ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་གཏན་འབེབས་ལྟར་སློབ་གསེང་གི་དུས་ཚོད་གསབ་ནས་སློབ་སྦྱོང་འཛིན་གྲྭའི་འབྲེལ་ཡོད་བླང་བྱ་དང་མཐུན་པའི་འགན་ལེན་བྱས་པ་རེད།
རྗེས་འདེད་ཀྱིས་ཕན་འབྲས་འདྲི་རྩད་བྱེད་པ།
དཔེ་ཀློག་འཛིན་གྲྭའི་རིང་ཆབ་མདོ་གྲོང་ཁྱེར་གྱིས་དཔེ་ཀློག་འཛིན་གྲྭའི་རིམ་པ་ཁག་གི་ལས་ཀའི་ཇུས་གཞིར་ཞིབ་བཤེར་ནན་པོ་བྱས་ཏེ་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་ཇུས་གཞི་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལ་ཕུལ་ནས་རང་འགུལ་ངང་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱིས་རྫོང(ཆུས)དང་ཚན་པ་ཁག་གི་དཔེ་ཀློག་འཛིན་གྲྭའི་ཇུས་གཞིར་ཞིབ་ལྟ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱི་ཚུལ་རིང་ལུགས་ཀྱི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱས་པ་དང་། དཔེ་ཀློག་འཛིན་གྲྭའི་སྒྲིག་ལམ་གྱི་བླང་བྱ་ནན་དུ་གཏོང་བ་དང་བརྟག་དཔྱད་དང་གསང་སྲུང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དཔེ་ཀློག་འཛིན་གྲྭའི་བརྒྱུད་རིམ་གོ་རིམ་ལྡན་པ་ཞིག་ཡོང་བར་བྱས་པ་དང་། དཔེ་ཀློག་འཛིན་གྲྭའི་མཇུག་འགྲིལ་མཚམས་སུ་ཧྲུའུ་ཅིས་སྣེ་ཁྲིད་ནས་དཔེ་ཀློག་འཛིན་གྲྭའི་ཕན་འབྲས་ལ་དཔྱད་བརྗོད་དང་ཕྱོགས་སྡོམ་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་བཟང་པོ་དཔེ་ཀློག་འཛིན་གྲྭའི་གྲུབ་འབྲས་གལ་ཆེན་དུ་འགྱུར་བ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་སློབ་སྦྱོང་ཁྱབ་གདལ་བཏང་བ་རེད།