གསར་འགྱུར་སྤེལ་དུས། 【2023-11-07 09:00:00】
ལམ་བར་དུ་རོགས་སྐྱོབ་མི་དམངས(ལས་རོགས)ཉེན་རྟོག་པས་ཉེན་གྱར་ཡུལ་སྐོར་བར་ཁ་པར་བརྒྱབ་ནས་མི་ལུས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་མངགས་བཅོལ་བྱས་པ་དང་། དེ་གར་འབྱོར་རྗེས་རོགས་སྐྱོབ་མི་དམངས་ཉེན་རྟོག་པས་ལམ་སེང་ཉེན་གྱར་ཡུལ་སྐོར་བ་4ཡི་གནས་ཚུལ་ཤེས་རྟོགས་བྱས་པ་དང་ཁོ་ཚོ་ཚང་མ་བདེ་མ་ཐང་མ་ཡིན་པ་ཧ་གོ་རྗེས་འཕྲལ་མར་རོགས་སྐྱོབ་ལས་དོན་སྤེལ་བ་རེད། རོགས་སྐྱོབ་བྱེད་རིང་མི་དམངས(ལས་རོགས)ཉེན་རྟོག་པས་རུས་ཟུག་རྒྱག་པའི་གྲང་རླུང་ལ་མ་འཛེམས་པར་ལྕགས་ཁེམ་གྱིས་གངས་གསོག་བཤངས་པ་དང་། རླངས་འཁོར་གྱི་འོག་ཏུ་འཛུལ་ཏེ་རྡོ་རོག་འཁོད་སྙོམ་པ། ཤུགས་ཡོད་ཚད་བཏོན་ནས་རླངས་འཁོར་ཡར་བཀྱག་པ་དང་ཉེན་རྟོག་རླངས་འཁོར་བཏང་ནས་འཐེན་རོགས་བཅས་བྱས་ཏེ་ཉེན་གྱར་རླངས་འཁོར་བདེ་འཇགས་ཁུལ་དུ་འདྲུད་པ་རེད། ཆུ་ཚོད་5ལྷག་ཙམ་འབད་འཐབ་བྱས་མཐར་རླངས་འཁོར་གངས་ཁྲོད་ནས་བཏོན་ཐུབ་པ་དང་ཡུལ་སྐོར་བ་4རྫོང་གྲོང་དུ་བདེ་འཇགས་ངང་བསྐྱལ་བ་རེད།