གསར་འགྱུར་སྤེལ་དུས། 【2024-04-23 11:15:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོ། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གུང་གཞོན་སྡེ་ཚོགས་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་། བརྫེ་ཚབ། རིམ་གསབ་བཅས་སྐོར་གྱི་གཏན་འཁེལ་གྲོས་གཞི(འཆར་ཟིན)》《ཆབ་མདོ་གུང་གཞོན་སྡེ་ཚོགས་2024ལོའི་ལས་དོན་གཙོ་གནད(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཞོན་ཕུའུ་ཡིས་གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་གྱི་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ལ་ལས་དོན་སྙན་ཞུ་ཕུལ་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་གུང་གཞོན་རྩ་འཛུགས་ཀྱིས་གཞོན་ནུ་ལོ་ཆུང་ཁྲོད་རྒྱུན་རྣམ་དང་ཕུགས་ཕན་ཅན་གྱི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ་གཞོན་ནུ་ལོ་ཆུང་གི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བའི་སྣེ་ཁྲིད་དང་དུས་བབ་སྲིད་ཇུས་ཀྱི་སློབ་གསོ་ཡག་པོ་བསྒྲུབས་ནས་བསམ་བློའི་སྣེ་ཁྲིད་ལས་དོན་སྤུས་འདེགས་ནུས་སྤེལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཁྱེར་ཨུ་ལྷན་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ་རྩ་འཛུགས་ཅན་དང་། རྣམ་གྲངས་ཅན། སྤྱི་ཚོགས་ཅན་བཅས་ཀྱི་བྱེད་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དངོས་ཕན་རང་བཞིན་དང་ལེགས་སྐྱེས་ཕུལ་ཚད་མཐོ་རུ་གཏོང་དགོས། རིམ་པ་ཁག་གི་གཞོན་ནུའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་པ་དང་འདོན་སྤེལ་གང་ལེགས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དང་གཞོན་ནུ་ཞིང་པ་ལས་མི་སོགས་གཞོན་ནུའི་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་ལ་ཞབས་འདེགས་ཡག་པོ་ཞུས་ཏེ། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་ནུས་ལྡན་བྱས་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་གཞོན་ནུ་ལོ་ཆུང་གཙོ་གནད་སོགས་དཀའ་ངལ་ཡོད་པའི་གཞོན་ནུ་ལོ་ཆུང་ལ་རོགས་སྐྱོར་དང་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་བཏང་ནས་ཡང་བསྐྱར་འགོ་བརྩམས་ཏེ། ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་གཏོད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་གཞོན་ནུའི་ལེགས་སྐྱེས་གསར་པ་ནུས་ཤུགས་ཡོད་རྒུས་འབུལ་དགོས་པའི་བླང་བྱ་བཏོན་ཡོད།